བཤའ་ཟོག་གི་ཕྱུགས་རའི་ས་དབྱིབས་དང་ས་བབ།སྔ་མའི་པར་གཞི་དེ མྱིsteve  ནས 2024-03-27 15:28ལ་འགྲུབ།

བཤའ་ཟོག་གི་ཕྱུགས་རའི་ས་དབྱིབས་དང་ས་བབ།

ཕྱུགས་གསོ་ར་བ་ནི་ས་བབ་མཐོ་ཞིང་སྐམ་ཤས་ཆེ་བ་དང་། རླུང་འགོག་ཅིང་ཉིན་ཁར་ཕྱོགས་པ། ཆུ་འབུད་བདེ་བ་བཅས་ཡིན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
肉牛场地形地势
རིགས་དབྱེ།
ཕྱུགས་ལས།
1 ངོ་སྤྲོད།

ཕྱུགས་གསོ་ར་བ་ནི་ས་བབ་མཐོ་ཞིང་སྐམ་ཤས་ཆེ་བ་དང་། རླུང་འགོག་ཅིང་ཉིན་ཁར་ཕྱོགས་པ། ཆུ་འབུད་བདེ་བ་བཅས་ཡིན་དགོས། ས་འོག་གི་ཆུའི་གནས་ཚད2mམན་ཡིན་པའམ། ཡང་ན་འཛུགས་སྐྲུན་དངོས་པོའི་རྩིག་རྨང་གི་གཏིང་ཚད0.5mམན་ཡིན་ན་འོས་འཚམ་ཡིན། ས་ངོས་སྙོམས་ཤིང་གསེག་དགོས་ལ། སྤྱིར་བཏང་གི་གསེག་ཚད1%~3%ཡིན་ན་ལེགས་ཤིང་། དེ་ལྟར་ཡིན་ན་ཆུ་འབུད་པར་ཕན་པ་རེད། རི་ཁུལ་དུ་ཕྱུགས་ར་བསྐྲུན་སྐབས་ཅུང་སྙོམས་པའི་རི་ལྡེབས་འདེམས་དགོས་པ་དང་། ཉིན་ཁར་འཁོར་བའི་གསེག་ངོས་ཡིན་དགོས་པ་དང་གསེག་ཚད25%ལས་མི་བརྒལ་བ་དང་། འཛུགས་སྐྲུན་ཁུལ་གྱི་གསེག་ཚད2.5%ཡི་ནང་དུ་ཚོད་འཛིན་བྱེད་དགོས། ས་བབ་ལེགས་ཤིང་གྲ་འགྲིག་པོ་ཡོང་གང་ཐུབ་བྱེད་དགོས་པ་ལས་རིང་ཞིང་དོག་པ་དང་མཐའི་ཟུར་མང་མི་རུང་། དེ་ལྟར་བྱས་ན་གསོ་ཚགས་དོ་དམ་བྱེད་སྐབས་སྟབས་བདེ་བ་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་ཐུབ།


བརྡ་འགྲེལ་གདོང་འཛར།

བཤའ་ཟོག ས་བབ། ཕྱུགས་ར།