ནགས་བརྟེན་ཕྱུགས་རའི་འཆར་འགོད།སྔ་མའི་པར་གཞི་དེ མྱིsteve  ནས 2024-03-27 15:28ལ་འགྲུབ།

ནགས་བརྟེན་ཕྱུགས་རའི་འཆར་འགོད།

ཕྱུགས་གསོ་ར་བ་ནི་ས་བབ་མཐོ་ཞིང་སྐམ་ཤས་ཆེ་བ་དང་། རླུང་འགོག་ཅིང་ཉིན་ཁར་ཕྱོགས་པ། ཆུ་འབུད་བདེ་བ་བཅས་ཡིན་དགོས། ས་འོག་གི་ཆུའི་གནས་ཚད2mམན་ཡིན་པའམ། ཡང་ན་འཛུགས་སྐྲུན་དངོས་པོའི་རྩིག་རྨང་གི་གཏིང་ཚད0.5mམན་ཡིན་ན་འོས་འཚམ་ཡིན། ས་ངོས་སྙོམས་ཤིང་གསེག་དགོས་ལ། སྤྱིར་བཏང་གི་གསེག་ཚད1%~3%ཡིན་ན་ལེགས་ཤིང་། དེ་ལྟར་ཡིན་ན་ཆུ་འབུད་པར་ཕན་པ་རེད། རི་ཁུལ་དུ་ཕྱུགས་ར་བསྐྲུན་སྐབས་ཅུང་སྙོམས་པའི་རི་ལྡེབས་འདེམས་དགོས་པ་དང་། ཉིན་ཁར་འཁོར་བའི་གསེག་ངོས་ཡིན་དགོས་པ་དང་གསེག་ཚད25%ལས་མི་བརྒལ་བ་དང་། འཛུགས་སྐྲུན་ཁུལ་གྱི་གསེག་ཚད2.5%ཡི་ནང་དུ་ཚོད་འཛིན་བྱེད་དགོས། ས་བབ་ལེགས་ཤིང་གྲ་འགྲིག་པོ་ཡོང་གང་ཐུབ་བྱེད་དགོས་པ་ལས་རིང་ཞིང་དོག་པ་དང་མཐའི་ཟུར་མང་མི་རུང་། དེ་ལྟར་བྱས་ན་གསོ་ཚགས་དོ་དམ་བྱེད་སྐབས་སྟབས་བདེ་བ་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林下养牛场地规划
རིགས་དབྱེ།
ཕྱུགས་ལས།
1 བཤའ་ཟོག་གི་ཕྱུགས་ར་འདེམས་པ།
1_1 ས་དབྱིབས་དང་ས་བབ།

ཕྱུགས་གསོ་ར་བ་ནི་ས་བབ་མཐོ་ཞིང་སྐམ་ཤས་ཆེ་བ་དང་། རླུང་འགོག་ཅིང་ཉིན་ཁར་ཕྱོགས་པ། ཆུ་འབུད་བདེ་བ་བཅས་ཡིན་དགོས། ས་འོག་གི་ཆུའི་གནས་ཚད2mམན་ཡིན་པའམ། ཡང་ན་འཛུགས་སྐྲུན་དངོས་པོའི་རྩིག་རྨང་གི་གཏིང་ཚད0.5mམན་ཡིན་ན་འོས་འཚམ་ཡིན། ས་ངོས་སྙོམས་ཤིང་གསེག་དགོས་ལ། སྤྱིར་བཏང་གི་གསེག་ཚད1%~3%ཡིན་ན་ལེགས་ཤིང་། དེ་ལྟར་ཡིན་ན་ཆུ་འབུད་པར་ཕན་པ་རེད། རི་ཁུལ་དུ་ཕྱུགས་ར་བསྐྲུན་སྐབས་ཅུང་སྙོམས་པའི་རི་ལྡེབས་འདེམས་དགོས་པ་དང་། ཉིན་ཁར་འཁོར་བའི་གསེག་ངོས་ཡིན་དགོས་པ་དང་གསེག་ཚད25%ལས་མི་བརྒལ་བ་དང་། འཛུགས་སྐྲུན་ཁུལ་གྱི་གསེག་ཚད2.5%ཡི་ནང་དུ་ཚོད་འཛིན་བྱེད་དགོས། ས་བབ་ལེགས་ཤིང་གྲ་འགྲིག་པོ་ཡོང་གང་ཐུབ་བྱེད་དགོས་པ་ལས་རིང་ཞིང་དོག་པ་དང་མཐའི་ཟུར་མང་མི་རུང་། དེ་ལྟར་བྱས་ན་གསོ་ཚགས་དོ་དམ་བྱེད་སྐབས་སྟབས་བདེ་བ་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་ཐུབ།

1_2 ས་ཁམས་ཆགས་གནས།

ས་ཁམས་གནས་ཡུལ་གདམ་གསེས་བྱེད་པར་གཙོ་བོ་གཤམ་གྱི་ཕྱོགས་འདི་དག་ལ་བསམ་བློ་གཏོང་དགོས།

1_2_1 འགྲིམ་འགྲུལ།

གནས་ཡུལ་འདེམས་སྐབས་འགྲིམ་འགྲུལ་སྟབས་བདེ་བ་དང་། དངོས་ཟོག་གི་དགོས་མཁོ་དང་ཐོན་རྫས་མཁོ་སྤྲོད་ལ་བསམ་བློ་བཏང་ནས་འགྲིམ་འགྲུལ་སྟབས་བདེ་ཡོང་བར་ཁག་ཐེག་བྱེད་དགོས། ཕྱི་ནས་གཞུང་ལམ་ཤར་གཏོང་ཐུབ་དགོས་མོད། འོན་ཀྱང་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་དང་བསྣོལ་མི་རུང་ལ། སྤྱིར་བཏང་དུ་ཕྱུགས་ར་དང་གཞུང་ལམ་གྱི་མ་ལམ་གཙོ་བོའི་བར་ཐག500mལས་བརྒལ་མི་རུང་།

1_2_2 གཟན་ཆག་མཁོ་སྤྲོད།

བཤའ་ཟོག་གསོ་བར་གཟན་ཆས་དང་ལྷག་པར་དུ་གཟན་ཆག་དགོས་ཤིང་། ཟོག་གསོ་ར་བ་སོག་མ་དང་། སྔོ་གཟན་གསོག་ཉར། རྩྭ་སྐམ་བཅས་ཀྱི་ཐོན་ཁུངས་དང་ཐག་ཉེ་སྟེ་གཟན་རྩྭ་མཁོ་སྤྲོད་ལ་ཁག་ཐེག་དང་འདྲེན་གླ་ཇེ་ཉུང་དུ་གཏོང་དགོས།

1_2_3 རིམས་འགོག

འབག་བཙོག་མི་ཐེབས་པའི་ཆེད་དུ། ཕྱུགས་ར་དང་རྫས་འགྱུར་བཟོ་གྲྭ་སྣ་ཚོགས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་བར་གྱི་བར་ཐག1500mལས་ཆུང་མི་རུང་ལ། ཕྱུགས་གསོ་ཁང་དེ་བཟོ་གྲྭ་འདི་དག་གི་རླུང་ཁའི་འོག་ནས་མི་འཛུགས་པར་གསོ་སྤེལ་ར་བ་གཞན་དང་བར་ཐག་རིང་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་ར་བ་ཆེ་གྲས་བར་གྱི་བར་ཐག་ནི1000~1500mལས་ཆུང་མི་རུང་། མི་འབོར་འདུས་ཚད་ཆེ་བའི་ས་ཁུལ་དང་སྡོད་དམངས་འདུས་ཁུལ་གྱི་བར་ཐག1000mནས3000mཡན་ཡོད་པ་མ་ཟད། སྡོད་དམངས་འདུས་ཁུལ་གྱི་རླུང་ཁའི་འོག་དང་སྡོད་དམངས་ཀྱི་ཆུ་ཁུངས་ཀྱི་སྨད་རྒྱུད་དུ་གནས་དགོས།

4.《སྒོ་ཕྱུགས་དང་ཁྱིམ་བྱའི་ཆེ་ཆུང་ལྡན་པའི་གསོ་སྤེལ་སྦགས་བཙོག་འགོག་བཅོས་སྲོལ་ཡིག》གི་གཏན་འབེབས་ནང་གཏན་འགོག་བྱས་པའི་ས་ཁོངས་སུ་ར་བ་མི་འཛུགས་པ།

①འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ་དང་། མཛེས་ལྗོངས་ཁུལ་གྲགས་ཅན།

②རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དང་བར་མཚམས་ཁུལ།

③གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁུལ་དང་། རིག་གནས་སློབ་གསོ་ཚན་རིག་ཞིབ་འཇུག་ཁུལ་སོགས་མི་འབོར་གཅིག་སྡུད་ཆེ་བའི་ས་ཁོངས།

④བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གསོ་སྤེལ་བྱེད་མི་ཆོག་པའི་ས་ཁོངས་གཞན་དག་བཅས་ཡིན།

2 ཆུ་གློག་མཁོ་སྤྲོད།

གློག་སྐྱེལ་སྐུད་ལམ་དང་ཐག་ཉེ་རུ་བཏང་ནས་སྐུད་པ་གསར་བའི་བར་ཐག་ཇེ་ཐུང་དུ་གཏོང་ཅི་ཐུབ་བྱེད་དགོས་པ་མ་ཟད། རབ་ཡིན་ན་སྐུད་ལམ་གཉིས་ནས་གློག་མཁོ་འདོན་བྱེད་པའི་ཆ་རྐྱེན་ཡོད་དགོས། གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་མ་ལག(གྲོང་ཁྱེར་གྱི་རང་འབབ་ཆུ)དང་ཡིག་ཟམ་གློག་འཕྲིན་སོགས་སྤྱི་སྤྱོད་སྒྲིག་ཆས་དང་ཐག་ཉེ་རུ་གཏོང་ཅི་ཐུབ་བྱས་ནས་ཆུ་མཁོ་འདོན་གྱི་སྤུས་ཚད་དང་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་པར་སྟབས་ཇེ་བདེར་གཏོང་དགོས།

ཕྱུགས་ཟོག་ར་བར་ཆུ་ཁུངས་བརྟན་པོ་ཞིག་ཡོད་དགོས། བཤའ་ཟོག་གི་ཆུའི་བཏུང་ཚད་ནི་སྤྱིར་བཏང་དུ་ནོར་གཅིག་གིས་ཉིན་གཅིག་ལ45Lའཐུང་བ་དང་། མིའི་འཚོ་བའི་ཆུ་ནི་མི་རེར་ཉིན་རེར་ཆུ100Lདགོས། ཆུ་འདང་དགོས་པ་མ་ཟད།  ནོར་གྱི་འཐུང་ཆུ་དང་ཐོན་སྐྱེད་བྱེད་པར་མཁོ་བའི་ཆུ། ར་བའི་ནང་གི་མིའི་འཚོ་བའི་སྤྱོད་ཆུ་སོགས་ལ་འདང་དགོས།

བཤའ་ཟོག་གསོ་རར་ས་འོག་གི་གཏིང་ཟབ་པའི་ཆུ་བཀོལ་ན་ཆེས་བཟང་བ་དང་། ཆུ་གསོག་མཐོ་ལྕོག་དང་ཆུ་སྒམ། ཆུ་འདྲེན་སྣོད་བཅས་བརྒྱུད་ནས་ཆུ་མཁོ་འདོན་བྱེད་པ་དང་། ཆུ་གསོག་མཐོ་ལྕོག་དང་ཆུ་སྒམ་སྤྱད་དེ་དེའི་ཆུ་གསོག་ཚད་ཉིན3ནས5བར་ལ་ཆུ་མཁོ་འདོན་བྱས་ཏེ་དགོས་མཁོ་སྐོང་ཐུབ་ན་ལེགས། ཆུའི་སྤུས་ཚད་ལེགས་ཤིང་མདོག་མེད་པ་དང་། བྲོ་བ་མེད་པ། དྲི་ངན་མེད་པ། དྭངས་མོ་བཅས་ཡིན། ཆུའི་རྫས་འགྱུར་ངོ་བོ་དང་གཟུགས་དབྱིབས་ལ་ཆུའི་སྐྱུར་བུལ་ཚད་དང་། མཁྲེགས་ཚད། སྦགས་བཙོག་གི་འབྱུང་ཁུངས་དང་གནོད་ལྡན་དངོས་པོ་ཡོད་མེད་སོགས་ལ་རྒྱུས་ལོན་བྱེད་དགོས། འཐུང་ཆུའི་ཆུ་སྤུས་ནི་སྤྱི་ལ་གནོད་པ་མེད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་འཐུང་ཆུའི་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་དགོས།

3 ཕྱུགས་རའི་རྒྱ་ཁྱོན།

ཕྱུགས་རའི་རྒྱ་ཁྱོན་ནི། བཤའ་ཟོག་ར་བའི(ལོ་རེར་བཤས་གཏོང་གསོ་ཟོག་ཁྲི1)ཡོད་པ་དང་། ནོར་རེ་རེས་ས16-20m²(ལོ་རེར་བཤས་གཏོང་ཚད་ལྟར་རྩིས་བརྒྱབ་པ)ཟིན་ཡོད། ཕྱུགས་རའི་རྒྱ་ཁྱོན་གཏན་འཁེལ་བྱེད་སྐབས་ས་ཆ་གྲོན་ཆུང་དང་། ས་ཞིང་མི་བཟུང་བའམ་ཉུང་ཙམ་བཟུང་བའི་རྩ་དོན་གཞིར་བཟུང་དགོས།

(ལྔ) སྐྱེ་ཁམས་ཤ་ཕྱུགས་ར་བའི་གནས་ཡུལ་འདེམས་སྐབས་གཙོ་གནད་དུ་བསམ་གཞིགས་བྱེད་པའི་གནད་དོན།

(1)ཆེ་ཆུང་ཆེ་བའི་བཤའ་ཟོག་ར་བ་དེ་གྲོང་ཁུལ་དང་། སྡོད་དམངས་སྡོད་གནས། འགྲིམ་འགྲུལ་མ་ལམ་བཅས་དང་ཅུང་ཐག་རིང་བའི་ས་ཆར་བསྐྲུན་དགོས།

(2) སྐྱེ་ཁམས་གསོ་སྤེལ་བྱེད་པར་བཤའ་ཟོག་ར་བ་ཡག་ཤོས་ནི་རི་མ་ཐང་དང་རི་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་པ་དང་། ས་ཆ་འདེམས་སྐབས་མཐའ་འཁོར་དུ་ཞིང་ས་དང་། ཤིང་འབྲས་ར་བ། ནགས་ས། རྫིང་བུ། སྔོ་ཚལ། སྡོང་ཕྲུག་དང་མེ་ཏོག་སོགས་མ་ལག་ཚང་བར་བསམ་བློ་བཏང་ནས་ཞིང་ལས་དང་། ཕྱུགས་ལས། ནགས་ཚལ(ཤིང་འབྲས)བཅས་ལ་ཟུང་འབྲེལ་བྱས་ཏེ་ཟོག་ལུད་ཞིང་ནང་དུ་འདྲེན་བདེ་བ་དང་། ཤིང་ཏོག་ར་བ་དང་། ནགས་ས། ཉ་རྫིང་སོགས་སུ་སྟོར་ནས་མཐའ་འཁོར་གྱི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་དགོས།

(3)བཤའ་ཟོག་ར་བ་ནི་ཞིང་སར་གཏོང་མི་ནུས་པའི་རི་མ་ཐང་དང་། རི་ཁུལ། ནགས་ས་བཅས་སུ་བསྐྲུན་ན་བཟང་།

གཉིས། ཕྱུགས་རའི་འཆར་འགོད་དང་བཀོད་སྒྲིག

ཕྱུགས་རའི་གནས་ཡུལ་གཏན་འཁེལ་བྱས་རྗེས། ར་བ་དེའི་ས་དབྱིབས་དང་། ས་བབ། ས་གནས་དེའི་རླུང་གི་རྒྱུ་ཕྱོགས་བཅས་ལ་གཞིགས་ནས། ཕྱུགས་རའི་ནང་གི་ཁང་བ་དང་། བགྲོད་ལམ། ཆུ་འབུད་དང་བཙོག་འབུད་སོགས་ཀྱི་ས་གནས་སོ་སོའི་གནས་ཡུལ་ལ་ལུགས་མཐུན་གྱིས་ཁུལ་བགོས་འཆར་འགོད་བྱེད་དགོས། དུས་མཚུངས་སུ་ད་དུང་རིགས་མི་འདྲ་བའི་ཁང་བའི་ཆགས་ཡུལ་དང་། འཁོར་ཕྱོགས། བར་ཐག་སོགས་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་དགོས།

ཕྱུགས་གསོ་ར་བའི་ཁང་བ་དང་སྒྲིག་བཀོད་སྣ་ཚོགས་ཀྱི་ས་ཁུལ་འཆར་འགོད་ནི་གཙོ་བོ་རིམས་འགོག་དང་། བདེ་འཇགས་ཐོན་སྐྱེད། བྱ་བའི་སྟབས་བདེ་བཅས་ལ་བསམ་བློ་གཏོང་དགོས། ལྷག་པར་དུ་རླུང་གི་ཁ་ཕྱོགས་དང་ས་བབ་ལ་བསམ་བློ་བཏང་སྟེ། ཕྱུགས་རའི་ནང་གི་འཛུགས་སྐྲུན་དངོས་པོའི་བཀོད་སྒྲིག་ལུགས་མཐུན་ལ་བརྟེན་ནས་རིམས་ནད་འབྱུང་བ་ཇེ་ཉུང་དུ་གཏོང་དགོས། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་ཁུལ་བགོས་འཆར་འགོད་དང་བཀོད་སྒྲིག་བྱེད་ཚུལ་གྱིས་ད་དུང་ས་ཞིང་གི་རྒྱ་ཁྱོན་བེད་སྤྱོད་ནུས་ལྡན་བྱེད་ཐུབ་པ་དང་། བཟོ་གྲྭ་འཛུགས་པའི་མ་དངུལ་ཉུང་དུ་གཏོང་ཐུབ་པ། ཁོར་ཡུག་གཙང་སྦྲ་དང་དོ་དམ་གྱི་ལས་ཆོད་ཆེ་ཞིང་སྟབས་བདེ་ཡོང་བ་བཅས་རྒྱུན་འཁྱོངས་བྱེད་ཐུབ།

ཕྱུགས་གསོ་ར་བ་ལ་སྤྱིར་བཏང་དུ་འཚོ་བའི་དོ་དམ་ཁུལ་དང་། ཐོན་སྐྱེད་ཁུལ། ལོགས་བཀར་ཁུལ་བཅས་སུ་དབྱེ་ཡོད། འཚོ་བའི་དོ་དམ་ཁུལ་དང་ཐོན་སྐྱེད་ཁུལ་ནི་རླུང་ཁའི་གོང་དང་ས་བབ་མཐོ་སར་ཡོད་པ་དང་། ལོགས་བཀར་ཁུལ་ནི་རླུང་ཁའི་སྨད་དང་ས་བབ་ཅུང་དམའ་བའི་གནས་སུ་ཡོད།

4 འཚོ་བའི་དོ་དམ་ཁུལ།

དེར་བདག་གཉེར་དང་དོ་དམ། རྫས་འགྱུར་བརྟག་དཔྱད་སོགས་འབྲེལ་ཡོད་ཀྱི་འཛུགས་སྐྲུན་དངོས་པོ་སྟེ། དཔེར་ན་གཞུང་ལས་ཁང་དང་ལས་བཟོ་བའི་སྒོ་སྲུང་ཁང་། གོས་བརྗེ་དུག་སེལ་ཁང་སོགས་ཡོད། ཕྱུགས་ར(སྡེ་ཁུལ)རླུང་ཁའི་གོང་དང་ས་བབ་ལ་གཞིགས་ནས་ཐོན་སྐྱེད་ཁུལ་དང་གཟབ་ནན་གྱིས་སོ་སོར་ཕྱེ་ནས་བར་ཐག་འོས་འཚམ་ཞིག་ཡོད་པར་ཁག་ཐེག་བྱེད་དགོས། འཚོ་བའི་ཁུལ་དེ་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་བདེ་བའི་གནས་སུ་ཡོད་དགོས་ཤིང་། སྒོ་ཆེན་གྱི་མདུན་དུ་རླངས་འཁོར་གྱི་དུག་སེལ་རྫིང་བུ་འཛུགས་དགོས།

5  ཐོན་སྐྱེད་ཁུལ་དང་ཐོན་སྐྱེད་རམ་འདེགས་ཁུལ།

ཐོན་སྐྱེད་ཁུལ་ནི་ཕྱུགས་རའི་ལྟེ་བའི་ས་ཁོངས་ཡིན་པས། འཚོ་བའི་ཁུལ་གྱི་རླུང་ཁའི་འོག་དང་ས་བབ་ཅུང་དམའ་བའི་གནས་སུ་བསྐྲུན་དགོས། ཟོག་ཁང་ལ་འབྲི་ཁང་དང་བེའུ་ཁང་། ཤེད་གསོ་ཁང་། གསོ་ཁང་བཅས་ཡོད་ཅིང་། བཤའ་ཟོག་གསོ་ཁང་ནི་ཐོན་སྐྱེད་ཁུལ་གྱི་ལྟེ་གནས་སུ་འཛུགས་དགོས་པ་མ་ཟད། ཟོག་ཁྱུའི་ཐོན་སྐྱེད་དམིགས་ཡུལ་དང་། ལྗིད་ཚད། ལོ་ཚོད་སོགས་ཀྱི་དམིགས་ཚད་ལྟར་ནོར་ཁྱུ་བགོས་ནས་གསོ་དགོས། སྔོ་གཟན་སྙལ་དོང་དང་རྩྭ་སྤྱིལ་སོགས་ཀྱི་ཞོར་འདེགས་སྒྲིག་བཀོད་ཕྱུགས་ཁང་དང་ཐག་ཉེ་སར་བཀོད་སྒྲིག་བྱས་ཆོག་ལ། དེ་ལྟར་བྱས་ན་ལས་སྣོན་དང་སྐྱེལ་འདྲེན་བྱེད་བདེ་བ་རེད།

6 ​ལོགས་བཀར་ཁུལ།

ནད་ཕོག་པའི་ཕྱུགས་ཟོག་ལོགས་སུ་བཀར་བ་དང་། ནད་ཕོག་སྟེ་ཤི་བའི་ནོར་གནག་གི་རོ་སྦས་ས་དང་། ལུད་འཇོག་ས། ཐག་གཅོད་པ་སོགས་ལོགས་བཀར་ཁུལ་དུ་གཏོགས་པས། ར་བའི་རླུང་ཁའི་འོག་དང་ས་བབ་དམའ་ཤོས་ཀྱི་གནས་སུ་འཇོག་དགོས་པ་མ་ཟད། ཕྱུགས་ར་དང་བར་ཐག100mཡན་ཡོད་དགོས། ཕྱུགས་ར་ཆེ་གྲས་ཀྱིས་ཐོན་སྐྱེད་ཁུལ་གྱི་རླུང་ཁའི་འོག་གི300mཡན་གྱི་སར་ནོར་ནད་པ་ལོགས་སུ་བཀར་ནས་འཇོག་དགོས།