དག་ཅི།སྔ་མའི་པར་གཞི་དེ མྱིsteve  ནས 2024-03-27 15:29ལ་འགྲུབ།

དག་ཅི།

དག་ཅི།
དག་ཅི་ནི་རྒྱུན་སྤྱོད་ཀྱི་ཀྲུང་ལུགས་སྨན་རྫས་ཤིག་ཡིན། རྩྭ་ཡོངས་སྨན་དུ་སྤྱོད་ཆོག་ཅིང་། དེ་ལ་ཆམ་རིམས་ཞི་བ་དང་། དབང་བོ་གསལ་བ། རླུང་སེམས་སྙོམས་པ། ཟ་འཕྲུག་སེལ་བ་བཅས་ཀྱི་ཕན་ནུས་ལྡན་ལ། དེ་ནི་ཆམ་རིམས་དང་། མགོ་ན་བ། མིག་དམར་པོར་འགྱུར་བ། མིད་པ་ན་བ། རྨ། ཟ་འབྲུམ། སིབ་ནད་སོགས་ལ་སྤྱོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
薄荷
རིགས་དབྱེ།
ཞིང་ལས།
1 ངོ་སྤྲོད།

དག་ཅི་ནི་རྒྱུན་སྤྱོད་ཀྱི་ཀྲུང་ལུགས་སྨན་རྫས་ཤིག་ཡིན།   རྩྭ་ཡོངས་སྨན་དུ་སྤྱོད་ཆོག་ཅིང་། དེ་ལ་ཆམ་རིམས་ཞི་བ་དང་། དབང་བོ་གསལ་བ། རླུང་སེམས་སྙོམས་པ།  ཟ་འཕྲུག་སེལ་བ་བཅས་ཀྱི་ཕན་ནུས་ལྡན་ལ། དེ་ནི་ཆམ་རིམས་དང་། མགོ་ན་བ། མིག་དམར་པོར་འགྱུར་བ། མིད་པ་ན་བ། རྨ། ཟ་འབྲུམ། སིབ་ནད་སོགས་ལ་སྤྱོད་པ་རེད།

2 འདེབས་འཛུགས་ལག་རྩལ།
2_1 ས་ཞིང་འདེམས་པ་དང་ས་ཁོད་སྙོམས་པ།

ས་རིམ་མཐུག་ཅིང་སོབ་པ་དང་། ས་རྒྱུ་གཤིན་པ། ཆུ་འབུད་བདེ་བ། ཉི་འོད་འཕྲོ་བ་བཅས་ཀྱི་བྱེ་ས་བདམས་ནས་འདེབས་འཛུགས་བྱེད་དགོས། ཞིང་ས་བདམས་རྗེས་རྨོ་འདེབས་བྱེད་པ་དང་། གཏིང་ཚད་ལ25-30cmདགོས་ལ། མུའུ་རེར་རྨང་ལུད་དམ་སྤུངས་ལུད2500kgའཇོག་དགོས། རིང་ཚད་ལ་ལི་སྨི1.5mདང་ཞེང་ཚད་ལ40cmཡོད་པའི་རྣང་མ་བསྐྲུན་དགོས་ལ། དུས་མཚུངས་སུ་ཆུ་རྐའང་ཞིག་གསོ་བྱེད་དགོས།

2_2 རྒྱུད་སྤེལ་བྱེད་ཐབས།

(1)སྡོང་རྐང་རྒྱུད་སྤེལ། དེ་ནི་ཐོན་སྐྱེད་ཐད་རྒྱུན་དུ་སྤྱོད་པའི་རྒྱུད་སྤེལ་བྱེད་ཐབས་ཤིག་ཡིན། འདེབས་གསོ་བྱས་ན་ཟླ4པའི་ཟླ་སྨད་དང་ཡང་ན་ཟླ8པའི་ཟླ་སྨད་དུ་དག་ཅིའི་སྐྱེ་སྟོབས་རྒྱས་ཤིང་ནད་འབུའི་གནོད་འཚེ་མེད་པའི་སྡོང་བོ་བདམས་ནས་ས་ཞིང་གཞན་ཞིག་གི་ནང་དུ་བརྐོས་ནས་སྤོ་འཛུགས་བྱས་ཏེ་རྣང་མའི་བར་ཐག་ལ20-25cmདང་སྡོང་བོའི་བར་ཐག་ལ10-15cmལྟར་བཙུགས་ནས་ལོ་གཉིས་པར་འཛུགས་ཡུལ་བསྐྱུར་དགོས། ཡང་ན་སྟོན་མཇུག་ཏུ་སྡོང་བོ་སྤུས་ལེགས་བདམས་ཏེ་ལོ་དེར་འདེབས་འཛུགས་བྱེད་ཆོག་པ་ཡིན།

ཟླ10པའི་ཟླ་སྨད་ནས་ཟླ11པའི་ཟླ་སྟོད་དང་ཡང་ན་དཔྱིད་མགོར་ས་ཇེ་དྲོད་སོང་རྗེས་འདེབས་འཛུགས་བྱེད་ཆོགསྡོང་ལག་འཛུགས་སྐབས་ཚིགས་ཐུང་ཞིང་སྦོམ་པ། ནད་འབུའི་གནོད་པ་མེད་པའི་རྩ་སྡོང་བདམས་ནས་རིང་ཚད6-10cmཡི་ནང་དུ་བཅད་དེ་འདེབས་འཛུགས་བྱེད་དགོས། ཚོང་རྫས་ཀྱི་རྣང་མའི་བར་ཐག་ལ25-30cmཡོད་པའི་ཤུར་བརྐོ་བ་དང་ཤུར་གྱི་ཟབ་ཚད6-10cmཡིན་དགོས། གྲལ་བསྟར་གཅིག་བཙུགས་ན་མགོ་མཇུག་སྦྲེལ་ཆོག་ཅིང་ཡང་ན་བར་ཐག་ལ15cmརེ་བཞག་ནས་སྡོང་རྐང་གཉིས་གཤིབ་སྟེ་ས་བཀབ་ནས་མནན་དགོས་ཤིང་མུའུ་རེ་ལ་རྩད་པ75-100kgའཛུགས་དགོས།

(2)ལྕུག་འཛུགས་རྒྱུད་སྤེལ། ཟླ5པ་དང6པར་སྐྱེ་སྟོབས་བཟང་ཞིང་། ནད་འབུའི་གནོད་པ་མེད་པའི་སྡོང་བོ་བདམས་ཏེ་ས་ངོས་ནས་འབྲེག་དགོས་པ་དང་། དུམ་བུ10cmབྱས་ཏེ་སྔོན་ལ་ལས་ཚར་བའི་རྣང་མའི་སྟེང་དུ་ལྕུག་འཛུགས་བྱེད་དགོས་ཤིང་། བར་ཐག་ལ7cmདང་སྡོང་བོའི་བར་ཐག3cmལྟར་ལྕུག་འཛུགས་བྱས་ཏེ་མྱུ་གུ་གསོ་དགོས། མྱུ་གུ་སྐྱེ་ཞིང་འབུས་རྗེས་གཞི་ནས་ཐོན་སྐྱེད་ས་ཞིང་ནང་དུ་འདེབས་འཛུགས་བྱེད་དགོས། སྤྱིར་བཏང་དུ་འདས་མཆོད་དུས་ཆེན་གྱི་སྔ་རྗེས་སུ་གནམ་རིབ་དུས་སྤོ་འཛུགས་བྱེད་པ་དང་། མྱུ་གུ་ལེན་པ་དང་མཉམ་དུ་སྤོ་འཛུགས་བྱེད་དགོས། རྣང་མའི་བར་ཐག20-25cmདང་སྡོང་བོའི་བར་ཐག15~20cmཡི་ས་དོང་བརྐོས་ན་གཏིང་ཚད་ལ7-10cmཡོད་དགོས་པ་དང་། ཞབས་ཀྱི་ས་སློག་སྟེ་ལུད་འོས་འཚམ་འཇོག་དགོས་པ་དང་། ཁུང་བུ་རེར་སྡོང་བོ1-2བཙུགས་ཏེ་ས་བཀབ་ནས་སྲ་བརྟན་བྱུང་རྗེས་ཉུང་ཙམ་བརྒྱབ་ན་སྐྱེ་བར་ཕན་པ་རེད།

3 དོ་དམ་ལག་རྩལ།
3_1 ཡུར་མ་ཡུར་ཏེ་རྩྭ་ལྡུམ་འབལ་བ།

ཐེངས་དང་པོར་རྩྭ་ལྡུམ་འབལ་བའི་དུས་ནི་ལྗང་རྐང་མཐོ་ཚད7-10cmབར་ཡིན་ལ་ཡུར་མ་ཡུར་བ་གཏིང་མ་ཟབ་ན་འགྲིགདེའི་རྒྱུ་མཚན་ནི་དག་ཅི་ཡི་རྩ་བ་མང་ཆེ་བ་ས་ངོས་འོག་གི15cmཡས་མས་སུ་ཁྱབ་ཅིང་། རྩ་བ་དང་གཞུང་རྟ10cmཡས་མས་ཡིན་པས། ཡུར་བ་གཏིང་ཚེ་གཞུང་རྟ་དང་རྩ་བ་ལ་གནོད་པ་རེད། ཡུར་མ་ཐེངས་གཉིས་པ་ནི་ཟླ6པའི་ཟླ་མགོ་ཡིན། ཡུར་མ་ཐེངས་གསུམ་པ་ནི་དག་ཅི་ཐེངས་གཅིག་བསྡུས་རྗེས་ད་གཟོད་བྱ་ལ། སྐབས་དེར་ས་ངོས་ཀྱི་ཆ་ཤས་བཅད་ཡོད་པས་རྩྭ་ལྡུམ་འབལ་ཐུབ་པ་མ་ཟད། རྩ་བ་དང་སྡོང་བོ་རྙིང་བ་རྣམས་བཀོག་ནས་མྱུ་གུ་གསར་བ་སྐྱེ་རུ་འཇུག་ཐུབ། ཐེངས་བཞི་པ་ནི་ཟླ9པའི་ཟླ་དཀྱིལ་དུ་རྨོད་རྒྱག་མི་དགོས་པར་རྩྭ་ལྡུམ་ཆེན་པོ་བཀོག་ན་འགྲིག་ཅིང་། ཕྱིས་སུ་བསྡུ་ལེན་ཐེངས་རེར་བྱས་ན་གཙང་སེལ་ཐེངས་རེ་བྱེད་དགོས།

3_2 ལུད་རྒྱག་པ།

དག་ཅི་ལོ་གཅིག་ལ་བསྡུ་ལེན་ཐེངས་དུ་མ་བྱེད་དགོས་པས་ལུད་རྒྱག་རྒྱུ་དེ་ལས་ཀྱང་གལ་ཆེ། ལུད་ནི་སྤྱིར་བཏང་དུ་ཐེངས4རྒྱག་དགོས་པ་ཡིན་ལ། ཐེངས་དང་པོ་མྱུ་གུ་འབུས་རྗེས(ཟླ4བ)ཡིན། ཐེངས་གཉིས་པ་ནི་འཚར་སྐྱེ་རྒྱས་དུས(5-6བར)ཡིན་ལ། ཐེངས་གསུམ་པ་ནི་དག་ཅི་ཐོག་མར་བྲེག་རྗེས(ཟླ7པར)ཡིན། ཐེངས་བཞི་བ་ནི་དག་ཅི་ཡང་བསྐྱར་མཐོ་ཚད15cmཡས་མས་སུ(ཟླ8པའི་ཟླ་སྨད་དུ)སྐྱེ་དུས་ཡིན་དགོས། ལུད་ནི་ཏན་ལུད་གཙོ་བོར་བྱེད་པ་དང་ཆབས་ཅིག་ལིན་དང་ཅ་ལུད་ཀྱང་ཞོར་དུ་གསབ་དགོས། ཐེངས་དང་པོ་དང་བཞི་པར་ལུད་ཅུང་ཡང་བ་དང་། ཐེངས་གཉིས་པ་དང་གསུམ་པར་ལྕི་བ་རྒྱག་དགོས། ཡང་བ་མུའུ་རེར་མི་ཕྱུགས་ཀྱི་ལུད2000kgདང་། ཡང་ན་ཐཱན་སོན་ཆིང་ཨན20kgབཀོལ་དགོས། ལྕི་བ་ནི་མུའུ་རེར་མི་ཕྱུགས་ཀྱི་ལུད3000kgསྤྱོད་པ་དང་། བག་ལུད50kgསྟོར་བའམ་ཡང་ན་ཐཱན་སོན་ཆིང་ཨན25kgསྟོར་དགོས།

3_3 ཆུ་གཏོང་བ།

ཟླ7-8པར་གལ་སྲིད་དྲོད་ཚད་མཐོ་ལ་སྐམ་ཤས་ཆེ་བའི་གནམ་གཤིས་དང་འཕྲད་ཚེ་དུས་ཐོག་ཏུ་ཆུ་གཏོང་དགོས། བསྡུ་ལེན་བྱེད་དུས་ལུད་རྒྱག་ཐེངས་རེར་ཡང་དུས་ཐོག་ཏུ་ཆུ་གཏོང་དགོས་པ་དང་། དཔྱིད་དུས་དང་ཆར་བ་བབས་རྗེས་དུས་ཐོག་ཏུ་ཆུ་ཕྱིར་འབུད་དགོས།

3_4 རྩེ་དབུས་འཐོག་པ།

ཟླ5པར་གནམ་ངོ་དྭངས་པའི་གནམ་གཤིས་བདམས་ནས་རྩི་ཤིང་གི་རྩེ་མྱུག་འཐོག་སྟེ་ཡལ་ག་མང་ཙམ་སྐྱེ་རུ་བཅུག་སྟེ་ཐོན་འབབ་འཕར་བའི་དམིགས་ཡུལ་འགྲུབ་པར་བྱེད་དགོས།

3_5 གནོད་འབུ་འགོག་བཅོས།

(1)བཙའ་ནད།

ནད་རྟགས་ནི།  ནད་ཕོག་པའི་དུས་མགོར། ལོ་མའི་རྒྱབ་ངོས་སུ་ཁམ་སེར་ཕྱེ་མའི་དབྱིབས་ཀྱི་དངོས་པོ་ཡོད་ཅིང་། ནད་ཕོག་པའི་དུས་སྨད་དུ་ལོ་མའི་རྒྱབ་ངོས་སུ་ཁམ་སྨུག་ཕྱེ་དབྱིབས་ཀྱི་དངོས་པོ་ཡོད། ཚབས་ཆེ་བའི་སྐབས་སུ་ལོ་མ་སྐམ་ནས་ལྷུང་བས་དག་ཅི་ཡི་ཐོན་ཚད་དང་སྤུས་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། སྤྱིར་བཏང་དུ་མང་ཆེ་བ་ནི་ཟླ5-7པའི་བར་ཆར་ཆུ་དང་བརླན་གཤེར་ཆེ་བའི་དུས་ཚིགས་སུ་འབྱུང་བ་ཡིན།

འགོག་བཅོས་བྱེད་ཐབས། ①ཞིང་ཁའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཞིང་གི་བརླན་གཤེར་ཆུང་དུ་གཏོང་དགོས། ②ནད་ཕོག་པའི་ཐོག་མའི་དུས་སུ25%ཅན་གྱི་ཧྥིན་ཞི་ཉེན་ལྡབ1000གི་གཤེར་ཁུའམ་ཡང་ན20%ཅན་གྱི་ཝེ་ཞི་ལིང་ལྡབ200ཡི་གཤེར་ཁུ་སྟོར་དགོས། འོན་ཀྱང་འབྲེག་བསྡུ་མ་བྱས་སྔོན་གྱི་ཉིན20ནང་སྨན་སྟོར་མཚམས་འཇོག་དགོས།

(2)སྐར་དཀར་ནད།

ནད་རྟགས་ནི།  སྐར་དཀར་གྱི་ནད་ལ་སྐམ་ཐིག་ནད་ཀྱང་ཟེར། ནད་བྱུང་བའི་ཐོག་མའི་དུས་སུ་ལོ་མའི་ཕྱོགས་གཉིས་ལ་ཕལ་ཆེར་སྒོར་དབྱིབས་ལྗང་མདོག་ཅན་གྱི་ཁྲ་ཐིག་ཡོད། རྗེས་ཕྱོགས་རིམ་བཞིན་རྒྱ་ཇེ་ཆེར་སོང་ནས་སྒོར་དབྱིབས་སམ་དབྱིབས་ངེས་མེད་ཀྱི་སྨུག་ཐིག་ཏུ་འགྱུར་བ་དང་། རྗེས་ཀྱི་ནད་ཤུལ་གྱི་མདོག་ནི་དཀར་སྐྱ་ཡིན་ལ། མདོག་དཀར་པོ་སྐར་མའི་དབྱིབས་ཡིན་པ་དང་། སྟེང་དུ་ནག་ཐིག་ཡོད། ཚབས་ཆེ་བའི་སྐབས་སུ་ལོ་མ་སྐམ་ནས་ལྷུང་འགྲོ་བ་ཡིན།

འགོག་བཅོས་བྱེད་ཐབས།  ①ནད་སྡོང་ཡོད་པ་ཤེས་ན་འཕྲལ་ཏུ་མེ་སྲེག་དུག་སེལ་བྱེད་དགོས། ②ནད་བྱུང་བའི་དུས་མགོར50%ཡི་ཏོའོ་ཅུན་ལིང་ལྡབ1000གི་གཤེར་ཁུའམ65%ཡི་ཏའེ་སེན་ཞིན་ལྡབ500ཡི་གཤེར་ཁུ་སྟོར་དགོས། ཉིན7རེར་ཐེངས1སྟོར་དགོས་ལ། བསྟུད་མར་ཐེངས3-4སྟོར་དགོས། འབྲས་བུ་མ་བསྡུས་གོང་གི་ཉིན20སྔོན་ལ་སྟོར་མཚམས་འཇོག་དགོས།

4 འབྲས་བུ་བསྡུ་བ་དང་ལས་སྣོན།
4_1 འབྲས་བུ་བསྡུ་བ།

དག་ཅི་ལོ་རེར་ཐེངས་གཉིས་རེ་བསྡུ་ལེན་བྱས་ན་ལེགས། ཧྭ་པེ་ས་ཁུལ་དུའང་ཐེངས་གཅིག་བསྡུ་ཐུབ་པ་དང་། སི་ཁྲོན་ས་ཁུལ་དུ་ཐེངས3-4བསྡུ་ཐུབ་པ་ཡིན། ཐེངས་དང་པོ་ནི་ཟླ6པའི་ཟླ་སྨད་ནས་ཟླ7པའི་ཟླ་སྟོད་བར་ཡིན་ཞིང་། དེར་གྲི་མགོ་དག་ཅི་ཟེར། ཐེངས་གཉིས་པ་ནི་ཟླ10པའི་ཟླ་སྟོད་དུ་མེ་ཏོག་མ་བཞད་གོང་ཡིན་ལ།  དེ་ལ་གྲི་གཉིས་ག་ཅི་ཟེར།  བསྡུ་ལེན་བྱེད་སྐབས་གནམ་ངོ་དྭངས་དགོས་པ་མ་ཟད། ཉིན་གུང་གི་ཆུ་ཚོད12ནས་ཕྱི་དྲོའི་ཆུ་ཚོད2བར་ཡིན་དགོས། རྒྱུ་མཚན་ནི་སྐབས་དེའི་ལོ་མའི་ཁྲོད་ཀྱི་དག་ཅིའི་སྣུམ་དང་། དག་ཀླད་འདུས་ཚད་ཆེས་མཐོ་བའི་སྐབས་ཡིན།  བསྡུ་ལེན་བྱེད་སྐབས་ཟོར་བས་ས་ངོས་དང་མཉམ་པོར་སྡོང་བོ་དང་ལོ་མ་འབྲེག་དགོས་པ་ལས་མྱུ་གུ་མཐོ་དྲགས་མི་རུང་ཞིང་། མཐོ་དྲགས་ན་མྱུ་གུ་གསར་བའི་སྐྱེ་འཚར་ལ་རྟག་ཏུ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

4_2 ​ལས་སྣོན།

དག་ཅི་བསྡུ་ལེན་བྱས་རྗེས་མྱུར་ཏུ་སྲབ་མོར་ཉི་མར་སྐམ་དགོས། ཉི་མར་སྐེམ་དུས་ཡང་དང་བསྐྱར་དུ་དཀྲུགས་དགོས་ལ། བཅུ་ཆའི་བདུན་བརྒྱད་ཙམ་སྐེམ་དུས་ཤོག་བསྡམས་དགོས། སྡོམ་དུས་སྡོང་བོ་སྙོམས་པོར་འཇོག་དགོས། དེ་ནས་ལོ་མའི་གཤམ་གྱི3-5cmཡི་གཞུང་རྟ་དོར་བ་དང་། ཡང་བསྐྱར་ཉི་སྐམ་མམ་བསིལ་སྐམ་བྱས་རྗེས་སྨན་དུ་སྤྱོད་ཆོག་པ་ཡིན་ལ་ཆག་སྐམ་ཚད25%ཡིན། དག་ཅིའི་སྨན་རྫས་ནི་སྡོང་བོ་སྙོམས་ཤིང་ལོ་མ་མཐུག་ལ་ལྗང་ཁུ་དང་། ཡལ་ག་དམར་བོ། སྤུ་དཀར་བ། རྩ་བ་མེད་པ། ཆག་མེད་པ། རུལ་མེད་པ། དྲི་ཞིམ་ཆེ་བ་བཅས་ནི་མཆོག་ཏུ་གྱུར་བ་ཡིན།


བརྡ་འགྲེལ་གདོང་འཛར།

དག་ཅི འདེབས་འཛུགས། དོ་དམ། ལག་རྩལ།