པན་ལན་ཀན་གྱི་བཏོག་བསྡུ་དང་ལས་སྣོན།སྔ་མའི་པར་གཞི་དེ མྱིsteve  ནས 2024-03-27 15:29ལ་འགྲུབ།

པན་ལན་ཀན་གྱི་བཏོག་བསྡུ་དང་ལས་སྣོན།

ཟླ10བའི་སྡོང་རྐང་ས་སྟེང་གི་ཆ་ཤས་སྐམ་དུས་རྩད་པ་ནས་བརྐོས་ཏེ། སྐྱེ་སྟོབས་རྒྱས་ཤིང་ནད་འབུའི་གནོད་པ་མེད་པ། རྩ་བ་ལེགས་པའི་སྡོང་རྐང་བདམས་ནས་འདེབས་འཛུགས་བྱེད་པར་འཇོག་པ་དང་། དྲོད་ཚད་དམའ་བའི་ས་ནང་དུ་ཉར་ཚགས་བྱེད་དགོས། ལོ་གཉིས་པའི་དཔྱིད་དུས་རྣང་ཞིང་དུ་འདེབས་འཛུགས་བྱས་ཏེ་ཞེང་གི་བར་ཐག40cmདང་། སྡོང་བོའི་བར་ཐག20~30cmབྱས་ཏེ་བཙུགས་རྗེས་དུས་ཐོག་ཏུ་ཆུ་གཏོང་བ་དང་། ཞིང་སའི་བདག་གཉེར་ལ་ཤུགས་སྣོན་རྒྱག་དགོས། ཟླ5-6པའི་བར་འབྲས་བུ་སྨིན་ཞིང་དུས་དང་ཁག་བགོས་ནས་ས་བོན་འཚོལ་བསྡུ་དང་ཉི་མར་སྐེམ་པ། འབྲུ་རྡོག་ཕུད་དེ་གྲ་སྒྲིག་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
板蓝根收获与加工
རིགས་དབྱེ།
ཞིང་ལས།
1 ​ས་བོན་འཇོག་པ་དང་ས་བོན་ལེན་པ།

1.སོན་འདེབས་དང་སོན་འཇོག ཟླ10བའི་སྡོང་རྐང་ས་སྟེང་གི་ཆ་ཤས་སྐམ་དུས་རྩད་པ་ནས་བརྐོས་ཏེ། སྐྱེ་སྟོབས་རྒྱས་ཤིང་ནད་འབུའི་གནོད་པ་མེད་པ། རྩ་བ་ལེགས་པའི་སྡོང་རྐང་བདམས་ནས་འདེབས་འཛུགས་བྱེད་པར་འཇོག་པ་དང་། དྲོད་ཚད་དམའ་བའི་ས་ནང་དུ་ཉར་ཚགས་བྱེད་དགོས། ལོ་གཉིས་པའི་དཔྱིད་དུས་རྣང་ཞིང་དུ་འདེབས་འཛུགས་བྱས་ཏེ་ཞེང་གི་བར་ཐག40cmདང་། སྡོང་བོའི་བར་ཐག20~30cmབྱས་ཏེ་བཙུགས་རྗེས་དུས་ཐོག་ཏུ་ཆུ་གཏོང་བ་དང་། ཞིང་སའི་བདག་གཉེར་ལ་ཤུགས་སྣོན་རྒྱག་དགོས། ཟླ5-6པའི་བར་འབྲས་བུ་སྨིན་ཞིང་དུས་དང་ཁག་བགོས་ནས་ས་བོན་འཚོལ་བསྡུ་དང་ཉི་མར་སྐེམ་པ། འབྲུ་རྡོག་ཕུད་དེ་གྲ་སྒྲིག་བྱེད་དགོས།

2.ཐད་ཀར་འདེབས་འཛུགས། དཔྱིད་འདེབས་དང་སྟོན་འདེབས་གཉིས་ཡོད། དཔྱིད་འདེབས་ནི་ཞིང་ནང་དུ་སྐྱེ་སྟོབས་ཆེ་བའི་སྡོང་རྐང་བདམས་ནས་ཆེས་མཐའ་མཇུག་གི་ལོ་མ་བསྡུས་རྗེས། རྩ་བ་མ་བརྐོས་པར་ལོ་མ་གསར་པ་སྐྱེས་པ་ཡིས་དགུན་བཟློག་བྱས་ཏེ་ལོ་གཉིས་པར་སྔོ་ལོག་རྒྱག་པ་དང་། གཞུང་རྐང་འཐེན་པ། མེ་ཏོག་བཞད་པ། འབྲས་བུ་སྨིན་པ་བཅས་ཀྱི་རྗེས་ནས་འབྲས་བུ་ཐོན་དུ་འཇུག་དགོས། སྟོན་འདེབས་དེ་ཟླ8-9པའི་བར་སོན་འདེབས་བྱེད་པ་དང་མྱུ་གུ་ཐོན་རྗེས་ལོ་མ་མི་བསྡུ་བ་དང་། ས་ཁ་ནས་དགུན་བཟློག་བྱས་ཏེ་ལོ་གཉིས་པར་སྔོ་ལོག་རྒྱག་པ་དང་། མེ་ཏོག་བཞད་པ། འབྲས་བུ་སྨིན་རྗེས་ས་བོན་ཐོན་གྱིན་ཡོད། དེ་ནི་ས་གཤིས་ཅུང་ཞན་པའི་རི་མའི་ས་ཞིང་བདམས་ནས་འདེབས་འཛུགས་བྱས་ཆོག་སྟེ། སྐབས་དེར་སྡོང་བོ་བརྟན་པོ་ཡིན་པས་འགྱེལ་མི་སླ་བ་དང་། ནད་འབུའི་གནོད་པ་ཉུང་བ། འབྲུ་རྡོག་གིས་ཁེངས་ཡོད་ཀྱང་སྡོང་བོའི་བར་ཐག་ནི60cmལས་ཆེ་དགོས།

2 རྩད་པ་བསྡུ་བ་དང་ལས་སྣོན།

ཟླ9པའི་ཟླ་སྨད་ནས་ཟླ10པའི་ཟླ་སྨད་དུ། ས་ངོས་ཀྱི་སྡོང་ལོ་རྙིད་དུས་པན་ལན་ཀན་གྱི་རྩད་པ་བསྡུ་དགོས། སྔོན་ལ་རྣང་མའི་ལོགས་སུ་གཏིང་ཚད་ལ60cmབརྐོས་རྗེས། རིམ་གྱིས་བརྐོས་ཏེ་རྩ་བ་ལ་གནོད་འཚེ་མི་ཐེབས་པ་བྱས་ཏེ་ལེན་དགོས། བསྡུས་རྗེས་འདམ་དང་ལོ་མའི་སྒལ་རྩ་སོགས་མེད་པར་བཟོས་གཙང་མར་བཀྲུས་རྗེས། བཅུ་ཆའི་བདུན་བརྒྱད་ཙམ་ཉི་མར་སྐེམ་དུས། ཤོག་བསྡམས་ཏེ་ཡང་བསྐྱར་སྐམ་ཐག་གཅོད་པ་བྱེད་དགོས། དེ་ལྟར་མུའུ་རེར300-500kgབསྡུ་ཆོག་ཅིང་། རྩ་བའི་སྦོམ་ཕྲ་སྙོམས་ཤིང་། གྲལ་འགྲིག་པ། རྡུལ་གཤིས་བཅས་ཡིན།

3 སྔོ་ཆེ་ལོ་མ་བསྡུ་བ་དང་ལས་སྣོན།

དཔྱིད་ཀར་བཏབ་པའི་སྡོང་བོའི་ས་ངོས་ཀྱི་ཆ་ཤས་ཀྱི་སྐྱེ་འཚར་རྒྱུན་ལྡན་ཡིན་ན། ལོ་རེར་ཐེངས2-3གྱི་ལོ་མ་བསྡུ་ཐུབ་པ་དང་ཐེངས་དང་པོའི་ལོ་མའི་སྤུས་ཚད་ཆེས་ལེགས་ཤོས་ཡིན། འབྲས་བུ་བསྡུ་བའི་དུས་ཚོད་ནི་ཧ་ལམ། ཐེངས་དང་པོ་ནི་ཟླ6-7པའི་བར་ཡིན་པ་དང་། ཐེངས་གཉིས་པ་ནི་ཟླ8པའི་ཟླ་དཀྱིལ་དང་ཟླ་སྨད་དང་། ཐེངས་གསུམ་པ་ནི་ཟླ་བ་བཅུ་བ་ཡིན། གལ་ཏེ་ནམ་ཟླའི་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་ན་བསྡུ་ལེན་བྱེད་མི་རུང་སྟེ།  དེ་ལྟར་བྱས་ན་སྡོང་བོ་མང་བོ་རུལ་འགྲོ་བའི་ཉེན་ཁ་འབྱུང་བ་ཡིན།

བསྡུ་ལེན་བྱེད་ཐབས་གཅིག་ནི་ས་ངོས་དང་བར་ཐག2cmཡོད་པ་འབྲེག་དགོས་པ་དང་། གཞན་ཞིག་ནི་ལག་པས་མཐའ་འཁོར་གྱི་ལོ་མ་བཏོག་པ་དེ་ཡིན་མོད། འོན་ཀྱང་དེར་ལས་མི་དང་དུས་ཚོད་མང་བོ་དགོས་པ་རེད། བསྡུས་རྗེས་སྐམ་པོ་བཅུ་ཆའི་བདུན་བརྒྱད་བར་ཐོན་དུས་ཤོག་བསྡམས་ཏེ་མུ་མཐུད་དུ་སྐམ་ཐག་གཅོད་པ་བྱེད་དགོས། ཆར་བ་འབབ་དུས་ཡག་ཤོས་ནི་ཁང་པའི་ནང་དུ་སྐམ་དགོས། མུའུ་རེ་ལ་ལོ་མ་སྐམ་པོ200kgབསྡུ་ཆོག་སྟེ། སྙིགས་རོ་མེད་པ་དང་། ཆ་ཚང་བ། ལྗང་ནག་ཅན་བཅས་ཡིན་ན་ལེགས་ཏེ་ཉི་མར་ལྡེ་མི་རུང་།


བརྡ་འགྲེལ་གདོང་འཛར།

ལས་སྣོན། པན་ལན་ཀན། མེ་ཏོག