ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2024-01-03 08:48ལ་འགྲུབ།

ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས།

ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་ས་ཞིང་ཐང་རྒོད་དུ་འགྱུར་བར་སྔོན་འགོག་བྱེད་དགོས། ལྗང་མདོག་ལས་གྲྭ་ལག་བསྟར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ས་ཞིང་མྱ་ངམ་ཐང་དུ་འགྱུར་བ་སྔོན་འགོག་བཅས་བྱ་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པས། རྨ་འབྲིའི་ཆུ་འགོ་སྲུང་སྐྱོབ་བྱས་ཏེ་གཙང་པོ་དང་ཆུ་བོའི་ཆུ་མགོ་རུ་གསེར་དང་སྨན་རྩྭ(ཀན་རྩྭ་དང་། དབྱར་རྩྭ་དགུན་འབུ། སྔོ་ཚལ)རྐོ་བ་གཏན་འགོག་བྱེད་པ། རྨ་འབྲིའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་ནགས་ཚལ་སྔོ་ཁེབས་འཛུགས་སྐྲུན་དང“བྱང་གསུམ”འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཞན་ཁུལ་གྱི་ཤིང་གཅོད་གཏན་འགོག་དང་། ཉ་འཛིན་མི་ཆོག་པ། རྔོན་རྒྱག་མི་ཆོག་པ་བཅས་ལག་བསྟར་ནན་མོ་་བྱེད་པ་དང་། རྨོ་བསྐྱུར་ནགས་གསོ་དང་། ཞིང་འདོར་རྩྭ་གསོ་བྱེད་པ། ཞིང་དོར་ནགས་གསོ་དང་མཚེའུ་དང་རྒྱ་མཚོ་སླར་གསོ་བྱེད་པ། རི་རྒྱ་བསྡམས་ནས་ནགས་གསོ་དང་བྱེ་རླུང་ཁུལ་དུ་ནགས་འཛུགས་རྩྭ་འདེབས་བཅས་བྱས་ཏེ་ད་ལྟའི་དུས་རིམ་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་འཚམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
环境保护措施
སྲུང་སྐྱོད་བྱ་ཡུལ།
མི་ཚོགས་ཀྱི་བདེ་ཐང་དང་ལྗང་མདོག་འདེབས་འཛུགས་སོགས།
ཕྱི་ཡིག་གི་མིང་།
Environmental protection measures
རིགས་དབྱེ།
རང་བྱུང་ཁམས།
1 ངོ་སྤྲོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས་ས་ཞིང་ཐང་རྒོད་དུ་འགྱུར་བར་སྔོན་འགོག་བྱེད་དགོས། ལྗང་མདོག་ལས་གྲྭ་ལག་བསྟར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ས་ཞིང་མྱ་ངམ་ཐང་དུ་འགྱུར་བ་སྔོན་འགོག་བཅས་བྱ་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན་པས། རྨ་འབྲིའི་ཆུ་འགོ་སྲུང་སྐྱོབ་བྱས་ཏེ་གཙང་པོ་དང་ཆུ་བོའི་ཆུ་མགོ་རུ་གསེར་དང་སྨན་རྩྭ(ཀན་རྩྭ་དང་། དབྱར་རྩྭ་དགུན་འབུ། སྔོ་ཚལ)རྐོ་བ་གཏན་འགོག་བྱེད་པ། རྨ་འབྲིའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་ནགས་ཚལ་སྔོ་ཁེབས་འཛུགས་སྐྲུན་དང“བྱང་གསུམ”འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཞན་ཁུལ་གྱི་ཤིང་གཅོད་གཏན་འགོག་དང་། ཉ་འཛིན་མི་ཆོག་པ། རྔོན་རྒྱག་མི་ཆོག་པ་བཅས་ལག་བསྟར་ནན་མོ་་བྱེད་པ་དང་། རྨོ་བསྐྱུར་ནགས་གསོ་དང་། ཞིང་འདོར་རྩྭ་གསོ་བྱེད་པ། ཞིང་དོར་ནགས་གསོ་དང་མཚེའུ་དང་རྒྱ་མཚོ་སླར་གསོ་བྱེད་པ། རི་རྒྱ་བསྡམས་ནས་ནགས་གསོ་དང་བྱེ་རླུང་ཁུལ་དུ་ནགས་འཛུགས་རྩྭ་འདེབས་བཅས་བྱས་ཏེ་ད་ལྟའི་དུས་རིམ་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་འཚམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་དགོས།

རང་བྱུང་སྲུང་སྐྱོབ་ཁུལ་ནི་ཉེ་རབས་མིའི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་སྣ་མང་རང་བཞིན། རང་བྱུང་རྗེས་ཤུལ་བཅས་ལ་སྲུང་སྐྱོབ་བྱེད་པའི་གསར་གཏོད་ཆེན་པོ་ཞིག་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་མཚོན་རྟགས་ཤིག་ཀྱང་ཡིན། རང་བྱུང་སྲུང་སྐྱོབ་ཁུལ་ལམ་ལུགས་ཀྱིས་དཔེ་མཚོན་གྱི་སྐྱེ་ཁམས་སྲུང་སྐྱོབ་གང་ཐུབ་བྱས་ནས་སྲོག་ཆགས་དང་རྩི་ཤིང་གི་སོན་རྒྱུའི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་བྱས་ཡོད། སྤྱི་ལོ1997ལོའི་ལོ་མཇུག་བར། ཀྲུང་གོར་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས926བསྐྲུན་པ་དང་། རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ76.98ཡོད་པ་དེས་རྒྱལ་ཁབ་སྤྱིའི་མངའ་ཁོངས་ཀྱི7.64%ཟིན་ཡོད། དེའི་ནང་རང་བྱུང་སྲུང་སྐྱོབ་ཁུལ14མི་དང་སྐྱེ་དངོས་མུ་འཁྱུད་ཀྱི་དྲ་རྒྱའི་ནང་ཞུགས་ཤིང་། རང་བྱུང་སྲུང་སྐྱོབ་ཁུལ6རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག དེར་བརྟེན་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ན་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ལེགས་སྐྱེས་འབུལ་ཐུབ།

རང་བྱུང་སྐྱེ་ཁམས་ཐོན་ཁུངས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ལྗང་མདོག་དཔལ་འབྱོར་ལག་ལེན་བསྟར་དགོས། འཕེལ་རྒྱས་གཏོང་སྟངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བ་ནི་མིའི་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ཚད་བརྒལ་གྱི་དྲིན་ལན་འཇལ་བ་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་དགོས་མཁོ་དེ་ཐོབ་ཆ་ལས་ལྡབ་ཁ་ཤས་དང་ཐ་ན་ལྡབ་བཅུ་གྲངས་ཀྱི་དཀའ་སྤྱད་འབད་བརྩོན་བྱེད་པ་དང་ཆབས་ཅིག་ད་དུང་ལོ་བཅུ་གྲངས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་གྱི་སྐྱེ་ཁམས་གནོད་འཚེ་བཟོད་བསྲན་བྱེད་དགོས་ཀྱི་ཡོད། དེར་བརྟེན་མིའི་རིགས་ཀྱིས་ངེས་པར་དུ་སྲོལ་རྒྱུན་གྱི་རིན་མེད་བདག་བཟུང་དང་འཕྲོག་བཅོམ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ལྗང་མདོག་དཔལ་འབྱོར་གྱི་རྣམ་པ་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་མ་རྩའི་ངོ་བོ་ཁས་ལེན་དང་དོ་སྣང་བྱེད་དགོས་པ་དང་།དཔལ་འབྱོར་མ་གནས་ཞིབ་རྩིས་བྱེད་སྐབས“རྙིང་སྒྱུར་”གྱི་གྲོན་དངུལ་ལེན་དགོས་པ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་དཔྱ་ཁྲལ་འདོན་དགོས་པ་མ་ཟད། ད་དུང་དེ་མཚུངས་ཀྱི་ཁེ་སྤོགས་ཏེ། ཁེ་སྤོགས་ཁྲོད་ཀྱི་སྐར་གྲངས་བགོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ། དེ་བཞིན་ལེགས་བཅོས་བཅས་བྱེད་པར་དཔལ་འབྱོར་གྱི་རྨང་གཞི་གང་ལེགས་ཡོད་པར་ཁག་ཐེག་བྱེད་དགོས།

ལྗང་མདོག་འཛད་སྤྱོད་དར་སྤེལ་བཏང་ནས་དངོས་པོའི་ཐོན་ཁུངས་གྲོན་ཆུང་བྱ་དགོས། ལྗང་མདོག་འཛད་སྤྱོད་ནི་མིའི་རིགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་འཛད་སྤྱོད་བྱེད་སྟངས་ཤིག་ཡིན། ལྗང་མདོག་འཛད་སྤྱོད་ཀྱིས་ལོངས་སྤྱོད་ཁོ་ན་བྱེད་པའི་འཛད་སྤྱོད་མཐོན་པོ་དོན་གཉེར་བྱེད་པ་ལས་གྲོན་ཆུང་སྤུ་ཙམ་ཡང་མེད་པའི་རང་བྱུང་ཐོན་ཁུངས་ཟད་གྲོན་བྱེད་པའི་འཛད་སྤྱོད་ལྟ་བའི་ཚབ་གང་མགྱོགས་བྱ་དགོས། མིག་སྔར་འཛད་སྤྱོད་འོས་འཚམ་བྱ་རྒྱུ་དར་སྤེལ་བཏང་ནས་ཐེངས་གཅིག་རང་བཞིན་གྱི་འཛད་སྤྱོད་ཉུང་དུ་གཏོང་དགོས་པ་དང་། ཐོན་ཁུངས་བསྐྱར་ཟློས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སའི་གོ་ལའི་ཐོག་གི་སྲོག་ཆགས་གཞན་དག་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་རྨང་གཞི་དང་རོགས་ཟླར་བརྩི་དགོས།ལྗང་མདོག་འཛད་སྤྱོད་ནི་བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་མི་ཐེབས་པ་དང་། ཁོང་ཚོར་རི་སྔོ་ཆུ་དྭངས་བཞག་ནས་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་འཇོག་རྒྱུ་དེ་རེད།


དཔྱད་གཞིའི་ཡིག་ཆ།