སྒོག་པ་ཀེའུ་ཛི།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 09:29ལ་འགྲུབ།

སྒོག་པ་ཀེའུ་ཛི།

སྒོག་པ་ཀེའུ་ཛི།
སྒོག་པ་ཀེའུ་ཛི་ཞེས་བྱ་བ། ། ཁ་ལུང་སྤང་དང་ས་ལ་སྐྱེས། ། རྩ་བདཀར་པོ་ལག་པ་འདྲ། ། ལོ་མ་སྒོག་སྐྱ་དག་དང་འདྲ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
粗根韭
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ​ངོ་བོ།

སྒོག་པ་ཀེའུ་ཛི་ཞེས་བྱ་བ། །ཁ་ལུང་སྤང་དང་ས་ལ་སྐྱེས། །རྩ་བདཀར་པོ་ལག་པ་འདྲ། །ལོ་མ་སྒོག་སྐྱ་དག་དང་འདྲ། །མེ་ཏོག་དཀར་པོ་མི་རྒན་མགོ། །རོ་ནི་ཚ་དང་ཁ་བ་ཡིན། །

2 ཕན་ནུས།

རང་གི་ནུས་པས་རྨ་རྣམས་གསོ། །སྐྲངས་འདུལ་ཆུ་རྣག་སྐེམས་པ་དང་། །ལྷོག་པ་འབྲས་དང་གག་པ་འདུལ། །ཀེའུ་ཛི་ཤ་སྒོག་ཤིང་ཀུན་དང་། །གླ་རྩི་རྟ་ལྤགས་མ་རུ་རྩེ། །ཤྭ་བའི་ཚིལ་དང་རིལ་བུ་བྱ། །ཁོང་བཏང་ཁ་སྣར་བདུག་པར་བྱ། །སྲིན་ནད་ཐམས་ཅད་སེལ་བར་བྱེད། །ཀེའུ་ཛི་སྟག་ཤ་བ་དང་ནི། །གཡུ་སྡོང་གསེར་མགོ་པར་པ་ཏ། །ལྕགས་ཀྱུ་བ་དང་ཉ་སྨན་པ། །འདི་རྣམས་ཆ་མཉམ་བརྡུང་ཕྱེ་མ། །གག་ལྷོག་འབྲས་ལ་གདབ་པར་བྱ། །མྱུར་དུ་སེལ་བར་ཐེ་ཚོམ་མེད། །ཐང་དུ་བསྡུས་པ་བཏང་བ་ཡིས། །རིམས་གསར་མྱུར་དུ་སེལ་བ་དང་། །གློ་ཆམ་ནད་ལ་བདུད་རྩི་འདྲ། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །

བརྡ་འགྲེལ་གདོང་འཛར།

སྒོག་པ། ཀེའུ། སྔོ་སྨན།