ཀེ་ལ་ཀསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 09:29ལ་འགྲུབ།

ཀེ་ལ་ཀ

ཀེ་ལ་ཀ
ཀེ་ལ་ཀ་ཞེས་བྱ་བ་དེ། ། ཚད་པས་གདུང་བའི་ཡུལ་དུ་སྐྱེས། ། ལོ་མ་རྟེའུ་སྒོག་དང་འདྲ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高良姜
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ​ངོ་བོ།

ཀེ་ལ་ཀ་ཞེས་བྱ་བ་དེ། ། ཚད་པས་གདུང་བའི་ཡུལ་དུ་སྐྱེས། ། ལོ་མ་རྟེའུ་སྒོག་དང་འདྲ། ། རྩ་བ་སྒ་དང་འདྲ་བ་ལ། ། རོ་ནི་ཚ་དང་ཁ་དང་བཅས། །

2 ཕན་ནུས།

ནུས་པས་རྨ་རྣམས་དྲོད་དུ་བསྒྱུར། །མཁལ་ནད་གྲང་བ་རྒྱས་པ་ཡིས། །ལུས་པོ་དྲོད་ཆུང་རྐང་པ་བཤལ། །མཚན་མ་མི་ལྡང་ས་བོན་མེད། །ཕོ་བ་དྲོད་ཆུང་གྲང་སྐྲན་རྒྱས། །མདོར་ན་གྲང་བའི་ནད་རྣམས་སེལ། །ད་བྱིད་གཙོ་བོ་དག་ཏུ་བཞག །མཁལ་མ་ཞོ་ཤ་ཙི་ཏྲ་ཀ །སེ་འབྲུ་སུག་སྨེལ་ཚ་བ་གསུམ། །རྒྱ་ཚྭ་རྒྱམ་ཚྭ་ཤིང་ཚ་དང་། །མུ་ལ་རྣམ་གཉིས་གཅོང་བཞི་དང་། །བུ་མར་དཀར་པོ་དང་སྦྱར་ལ། །ཀེ་ལ་ཀ་ཡི་ཕབས་ཀྱིས་བྲན། །ཟླ་བ་གཅིག་ཏུ་བསྟེན་བྱས་ན། །མཁལ་ནད་གྲང་སྐྲན་ནད་རྣམས་ལ། །མཆོག་ཏུ་མོ་རྩལ་སྐྱེད་པར་བྱེད། །བདུད་རྩི་ལྟ་བུར་འགྱུར་བ་ཡིན། །ཀེ་ལ་ཀ་དང་ད་བྱིད་དང་། །ཤིང་ཀུན་སུག་སྨེལ་ཙི་ཏྲ་ཀ །ལ་ལ་ཕུད་དང་འུ་སུ་དང་། །སོ་མ་ར་ཛ་ཚ་བ་གསུམ། །ཁ་རུ་ཚྭ་དང་བཅུ་གཉིས་པོ། །ཆ་མཉམ་ཕྱེ་མ་བུ་མར་སྦྱར། །གྲང་ནད་མ་ལུས་སེལ་འགྱུར་ཏེ། །ཁྱད་པར་ཕོ་བའི་མེ་དྲོད་ཉམས། །མཆིན་སྐྲན་རྒྱས་པ་ལ་སོགས་སེལ། །བདུད་རྩི་སྒ་རྒོད་ཀེ་ལ་ཀ །རླུང་མཁྲིས་བད་ཀན་འདུས་པའི་ནད། །ཐམས་ཅད་སེལ་བར་ཐེ་ཚོམ་མེད། །བད་ཀན་སྨུག་པོ་དུག་ནད་དང་། །ཚད་ནད་རྒྱས་པའི་གང་ཟག་ལ། །འདི་དག་བཏང་དུ་མི་རུང་ངོ་། །འདི་ཉིད་ཡོན་ཏན་ཀུན་ཚང་བས། །གཞན་ཡང་སྦྱོར་སྡེ་བསམ་མི་ཁྱབ། །

བརྡ་འགྲེལ་གདོང་འཛར།

སྔོ་སྨན། སྨན་རྫས། བད་ཀན་སེལ།