ཀོ་ཞུན།སྔ་མའི་པར་གཞི་དེ དཔལ་ལྷLhamo ནས 2023-11-29 09:29ལ་འགྲུབ།
ཀོ་ཞུན་ཞེས་བྱ་ཁམ་བུའི་རིགས། ། སྡོང་པོ་ལོ་མ་མེ་ཏོག་རྣམས། ། ཁམ་བུ་དག་དང་འདྲ་བ་ལ། ། འབྲས་བུ་ཁམ་བུའི་རྡོག་པོ་འདྲ། །
རོ་ནི་མངར་ལ་སྐྱུར་བ་སྟེ། །རང་གི་ནུས་པས་རྒྱུ་ནད་སེལ། །རྒྱུ་མ་འཁྲོག་ཅིང་དེ་ནས་འཁྲུ། །དེ་བཅོས་པ་ཡི་ཐབས་བསྟན་པ། །ནད་པའི་ཞབས་སུ་ཁུང་བུ་བརྐོ། །ནང་དུ་མེ་བཞག་སྟེང་དུ་སྣོད། །དེ་ནང་བ་ལུ་ཤུག་པ་དང་། །སྤྲ་བ་གསུམ་པོ་འཚོས་པར་བཙོས། །ཚོས་ནས་སྟེང་དུ་ཕྱར་བ་བཏིང་། །ནད་པའི་འོག་སྒོ་དག་ནས་བདུག །རྩི་མར་འབྲུ་མར་བསྐུ་མཉེ་བྱ། །ཀོ་ཞུན་མར་སྦྱར་ལྟོ་རུ་བཏང་། །རྒྱུ་ལོང་འཁྲོག་ཅིང་འཁྲུ་བ་སེལ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །