བྱི་ཚེར་མ།སྔ་མའི་པར་གཞི་དེ དཔལ་ལྷLhamo ནས 2023-11-29 15:12ལ་འགྲུབ།
བྱི་ཚེར་མ་ཞེས་བྱ་བ་ནི། །རྒྱ་ཤོད་དྲོད་ཆེའི་ཡུལ་དུ་སྐྱེས། །ལོ་མ་ཆེ་ལ་ནག་ཅིང་མཐུག །སྡོང་བོ་ཐུང་ལ་མཐུག་ཅིང་སྲ། །སྙེ་མ་གོས་ལ་འབྱར་ཞིང་འཁྲི། །འབྲས་བུ་མཚེར་བའི་མདོག་དང་འདྲ། །རོ་ནི་ཁ་ལ་རྩུབ་པ་ཡིན། །
རང་གི་ནུས་པས་ཆུ་འགགས་སེལ། །ཚད་རིམས་ནད་ལ་བདུད་རྩི་འདྲ། །བྱི་བཟུང་གཟེ་མ་སྲུབ་མའི་རྩ། །ཨ་རུ་ར་དང་དོང་ག་བསྐོལ། །སྦྲང་རྩིར་བཅས་པ་བསྐོལ་འཐུང་ན། །གཅིན་སྲི་ཆུ་འགགས་ནད་རྣམས་སེལ། །བྱི་ཚེར་གླ་སྒང་ཨ་རུ་ར། །བསྐོལ་ཐང་ནུ་ཞོ་དང་སྦྱར་བླུད། །བྱིས་པའི་ཚ་རིམས་མ་ལུས་སེལ། །ལྷོག་པའི་ནད་ལ་བདུད་རྩི་འདྲ། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །