གོས་སྐུད་ལབ་ཙེ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2024-03-26 15:53ལ་འགྲུབ།

གོས་སྐུད་ལབ་ཙེ།

གོས་སྐུད་ལབ་ཙེ་ནི་རྟ་བོ་དང་རྒུ་རུ་ཚོ་དྲུག་གིས་ལོ་རེའི་ཟླ6པའི་ཚེས15ཉིན་ལ་བསྟོད་པའི་སྲོལ་བཙུགས་ཤིང་། གཞི་བདག་གི་གཙོ་བོ་རྨ་ཆེན་གངས་རིའི་མདུན་དུ་བཞུགས་པའི་ཡུམ་ཆེན་གོང་སྨན་ལྷ་རིའི་གནས་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས་ལས་ལབ་ཙེ》
1 ངོ་སྤྲོད།

གོས་སྐུད་ལབ་ཙེ་ནི་རྟ་བོ་དང་རྒུ་རུ་ཚོ་དྲུག་གིས་ལོ་རེའི་ཟླ6པའི་ཚེས15ཉིན་ལ་བསྟོད་པའི་སྲོལ་བཙུགས་ཤིང་། གཞི་བདག་གི་གཙོ་བོ་རྨ་ཆེན་གངས་རིའི་མདུན་དུ་བཞུགས་པའི་ཡུམ་ཆེན་གོང་སྨན་ལྷ་རིའི་གནས་ཡིན་ལ། དེ་ཡང་།

མདུན་དུ་ཡུམ་ཆེན་གོང་སྨན་ལྷ་རི་ནི། །

མཛེས་པའི་སྐུ་མདོག་ཁ་བ་དུང་ལྟར་དཀར། །

ཕྱག་གཡས་མདའ་དར་མེ་ལོང་གཡོན་པ་ཡིས། །

རིན་ཆེན་ཛམ་བུ་གསེར་གྱི་འཁོར་ལོ་བསྣམས། །

སྣ་ཚོགས་དར་ཟབ་གཙང་མའི་ན་བཟའ་ལ། །

དར་དཔྱིངས་ལྡ་ལྡིང་འཕྱར་ཞིང་རྒྱན་གྱིས་སྤྲས། །

ཆིབས་སུ་མཛེས་པའི་རྒྱན་ལྡན་ཡུ་མོར་བཅིབས། །

ཡབ་ཀྱི་མདུན་སྔར་སྣ་ཚོགས་ནོར་བུའི་མཛོད། །

ཀུན་ནས་འཛིན་པ་གཡུ་ཡི་མཚོ་ངོགས་སུ། །

དུང་སྐྱོང་དཀར་མོ་ཀླུ་མོའི་ཆ་བྱད་ཅན། །

ནོར་བུའི་མཆོད་པ་འབུལ་བའི་ཚུལ་དུ་བཞུགས། །

ཞེས་བྱ་བ་ཡུམ་ཆེན་གོང་སྨན་ལྷ་རིའི་ཕོ་བྲང་དཔའ་མཁར་མཐོན་པོ་འདི་ནི་གནས་ནས་ད་ལྟའི་བར་ལ་རང་ཅག་གིས་བསྟད་པ་དང་བསྟོད་བཞིན་འདུག


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། ལབ་ཙེ།