བཙན་རྒོད་ཧུར་པ་གསོད་སྐྱིན།སྔ་མའི་པར་གཞི་དེ མགོན11 ནས 2023-09-28 09:29ལ་འགྲུབ།
ཡུམ་སྲས་ལྔ་ཡི་སྒྲུབ་བསྐུལ་ལས། བཙན་རྒོད་ཧུར་པ་གསོད་སྐྱིན་ཡིན། སྐུ་མདོག་རིན་ཆེན་འོད་དུ་འབར། བརྗིད་འགྱིང་ཐང་བེར་དམར་ཁྲས་གསོལ། ལེ་བརྒན་འབར་བའི་འཛུམ་ཐོད་བཅིངས། སྟག་རལ་སྐྱ་ཆས་རྐེད་ལ་བཏགས། ཕྱག་གཡས་མདུང་དར་རུ་མཚོན་ཕྱར། བཙན་ཕྲན་མང་པོ་ལས་ལ་འཇུད། གཡོན་པའི་བཙན་ཞགས་དམར་པོ་ཡིས། གྱི་གྲན་མགུལ་ནས་བཟུང་ཞིང་སྡོམ། ཆིབས་སུ་གྲོ་སྨུག་འགབ་ནག་བཅིབས། འཛབ་ནི། ཨ་རྒེ་ཙ་ར་ཛ་ཐུན་བྷྱོ། ལྷ་འདི་ལ་བསྟེན་ན་ནད་རིགས་ལས་ཀུན་ལས་སྐྱོངས་ཤིང་ཚེ་དང་བསོད་ནམས་རྒྱས་པར་འགྱུར། བརྒྱད་རིམ་ནི་ལོ་རྒྱུས་ལྟར་རོ༎