གཤེན་རབ་བདེ་བ་སྙིང་པོ།སྔ་མའི་པར་གཞི་དེ མགོན11  ནས 2023-09-27 17:05ལ་འགྲུབ།

གཤེན་རབ་བདེ་བ་སྙིང་པོ།

གཤེན་རབ་བདེ་བ་སྙིང་པོ།
​ཕ་རྒྱུད་རིག་པ་ཁུ་བྱུག་སྲས་བརྒྱུད་ལས་བྱུང་བའི་གཤེན་རབ་བདེ་བ་སྙིང་པོ་ལ་གོ།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》
རིགས་དབྱེ།
ནང་དོན་རིག་པ།
1 ངོ་སྤྲོད།

ཕ་རྒྱུད་རིག་པ་ཁུ་བྱུག་སྲས་བརྒྱུད་ལས། མ་ཆགས་པདྨའི་གདན་སྟེང་ན༎ གཤེན་རབ་བདེ་བ་སྙིང་པོ་ནི༎ སྐུ་མདོག་སེར་པོ་གསེར་འོད་འབར༎ དབུ་སྐྲ་དབང་གི་ཐོར་ཅོག་བཅིངས༎ དར་དཀར་སྟོད་གཡོག་སྟག་ཤམ་ཅན༎ གཡས་པས་སྡིགས་མཛུབ་མཁའ་ལ་ཕྱར༎ གཡོན་པའི་ཡོལ་ཆེན་བདུད་རྩིས་བལྟམས༎ཞབས་གཉིས་བརྐྱང་བསྐུམ་གདན་ལ་བཞུགས༎ རིག་འཛིན་རྗེ་ལ་བདག་བསྟོད་དོ༎ དེ་དང་གཉིས་སུ་མེད་པ་ཡི༎ མཁའ་འགྲོ་དམར་མོ་སྒྲ་སྒྲོག་ནི༎ དམར་སྨུག་གཅེར་བུ་རུས་རྒྱན་ཅན༎ དབུ་སྐྲ་ལི་ལྗང་འོད་དུ་འཁྱུག ། གྲི་ཁུག་ཐོད་ཁྲག་ཕྱག་ན་བསྣམས༎ ཞབས་གཉིས་གར་སྟབས་ཡབ་ལ་འཁྲིལ༎ འཛབ་ནི། ཨཱྃ་ཨ་ཧཱུྃ། དྲུང་མུ་རད་ཎ་པདྨ་ཙཀྲ་མུ་ཡེ་ཧ་ར་སི་ཏི་འདུ། མ་མ་དྷ་ཀི་ནི་སི་ཏི་འདུ། བརྒྱུད་རིམ་ནི། མཁའ་འགྲོ་འོད་ལྡན་འབར་མས་སྦྲུལ་སྐུ་བློ་ན་སྙིང་པོ་ལ་སྙན་དུ་བརྒྱུད་ནས་དར་རོ༎