ཀྱལ་ཕུགསྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2024-03-26 15:54ལ་འགྲུབ།

ཀྱལ་ཕུག

ཀྱལ་ཕུག་ཅེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་རྨ་ཆུའི་ཁ་ན་ཡོད། འདི་ལ་ཀྱལ་ཕུག་གོང་ཞོལ་གཉིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加吾
ལ་ཏིང་གི་མིང་།
kyal phug
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ།
གནས་ཡུལ།
ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ཀྱི་རྨ་ཆུའི་ཁ་ན་ཡོད།
1 ​ངོ་སྤྲོད།

ཀྱལ་ཕུག་ཅེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་རྨ་ཆུའི་ཁ་ན་ཡོད།  འདི་ལ་ཀྱལ་ཕུག་གོང་ཞོལ་གཉིས་ཡོད། གནས་འདི་ནི་ཀྱལ་རྟ་མང་དུ་སྐྱེས་ཡོད་ས་ཞིག་ཡིན་ལ།  ལུང་བའི་ཡ་ཕུག་ནི་ཟབ་ས་ཞིག་ཀྱང་ཡིན་པས་ན་འདི་ལ་ཀྱལ་ཕུག་ཅེས་འབོད་པར་བཤད་ལ།  ཀྱལ་བུག་ཟེར་བ་ནི་ཀྱལ་ཕུག་ཅེས་པའི་ཁ་སྐད་ཀྱི་འབོད་སྟངས་ཡིན།