རྒྱ་གར་གྱི་སྙན་ངག་མཁན་པོ་ཐའེ་ཀོར།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:26ལ་འགྲུབ།

རྒྱ་གར་གྱི་སྙན་ངག་མཁན་པོ་ཐའེ་ཀོར།

རྒྱ་གར་གྱི་སྙན་ངག་མཁན་པོ་ཐའེ་ཀོར།
ལུའོ་པིན་ཏི་ལ་ན་ཐ.ཐའེ་ཀོར་ནི(སྤྱི་ལོ1861ལོ་ནས་སྤྱི་ལོ1941ལོའི་བར)རྒྱ་གར་གྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རྩོམ་པ་པོ། སྒྱུ་རྩལ་པ། སྤྱི་ཚོགས་ཀྱི་འགུལ་སྐྱོད་པ་བཅས་ཡིན། སྤྱི་ལོ1912ལོར། ཁོང་གི་དུང་སེམས་མཚོན་པའི་སྙན་ངག《ཅི་ཐན་ཀ་ལི》ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ། ཁོང་ནི་བྱ་དགའ་ཁྱད་པར་བ་དེ་ཐོབ་མཁན་གྱི་འཛམ་གླིང་ཤར་ཕྱོགས་ཀྱི་རྩོམ་པ་པོ་ཐོག་མ་ཡིན། སྤྱི་ལོ1913ལོར་ཁོང་གིས་ཀུན་ལ་གསལ་ཆ་ཡོད་པའི་སྙན་དེབ《ལྡུམ་རའི་བདག་པོའི་སྡེ》དང་། 《འདབ་ཆགས་ཀྱི་སྡེ》སྤེལ་ཞིང་། ཁོང་གི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེ་ཆེར་ལྡན་ཕྱིར་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉宾德拉纳特·泰戈尔
ཕྱི་ཡིག་གི་མིང་།
Rabindranath Tagore
མིང་གཞན།
ཀྲུའུ་ཀྲེན་ཏན།
རྒྱལ་ཁོངས།
རྒྱ་གར།
སྐྱེས་ལོ།
སྤྱི་ལོ1861ལོའི་ཟླ5པའི་ཚེས7ཉིན།
འདས་ལོ།
སྤྱི་ལོ1941ལོའི་ཟླ8པའི་ཚེས7ཉིན།
1 ངོ་སྤྲོད་མདོར་བསྡུས།

ལུའོ་པིན་ཏི་ལ་ན་ཐ.ཐའེ་ཀོར་ནི(སྤྱི་ལོ1861ལོ་ནས་སྤྱི་ལོ1941ལོའི་བར)རྒྱ་གར་གྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རྩོམ་པ་པོ། སྒྱུ་རྩལ་པ། སྤྱི་ཚོགས་ཀྱི་འགུལ་སྐྱོད་པ་བཅས་ཡིན། སྤྱི་ལོ1912ལོར། ཁོང་གི་དུང་སེམས་མཚོན་པའི་སྙན་ངག《ཅི་ཐན་ཀ་ལི》ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ། ཁོང་ནི་བྱ་དགའ་ཁྱད་པར་བ་དེ་ཐོབ་མཁན་གྱི་འཛམ་གླིང་ཤར་ཕྱོགས་ཀྱི་རྩོམ་པ་པོ་ཐོག་མ་ཡིན། སྤྱི་ལོ1913ལོར་ཁོང་གིས་ཀུན་ལ་གསལ་ཆ་ཡོད་པའི་སྙན་དེབ《ལྡུམ་རའི་བདག་པོའི་སྡེ》དང་། 《འདབ་ཆགས་ཀྱི་སྡེ》སྤེལ་ཞིང་། ཁོང་གི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེ་ཆེར་ལྡན་ཕྱིར་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད།

ཐའེ་ཀོར་ལ་ཀྲུང་གོའི་མིང་ཞིག་ཀྱང་ཡོད་དེ“ཀྲུའུ་ཀྲེན་ཏན”ཟེར། དེ་ནི་སྤྱི་ལོ1924ལོར་ཁོང་ཉིད་ཀྲུང་གོར་འཚམས་འདྲི་ལ་ཕེབས་དུས་ཏག་ཏག་དགུང་ལོ་རེ་བཞི་ཡི་སྐྱེས་སྐར་དང་ཕྲད་པས། པེ་ཅིན་གྱི“ཅང་རིག་ཚོགས”ཀྱིས་ཆེད་དུ་ཁོང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་ཆོ་ག་ཞིག་བཤམས། དེའི་མཛད་སྒོ་གནམ་མཆོད་སྤང་ཐང་དུ་བསྡུས་ཤིང་སྐུ་ཞབས་ཧུའུ་ཧྲི་ཡིས་མགོ་འཛིན་བྱས། མཛད་སྒོའི་ཁྲོད་ལྟད་མོ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི། ལིང་ཆི་ཁྲའོ་ཡིས་ཐའེ་ཀོར་ལ་ཀྲུང་གོའི་རུས་མིང་ཞིག་གནང་རྒྱུ་དེ་ཡིན། ཁོང་གིས་རུས་མིང་གི་ཡིག་འབྲུ་གསུམ་གྱི་འབྱུང་ཁུངས་ལ་གསལ་བཤད་མཛད།

སྐུ་ཞབས་ལིང་གིས་བཤད་རྒྱུར། “ལུའོ་པིན་ཏི་ལ་ན་ཐ”ཞེས་པར“ཉི་མ”དང“འབྲུག་སྒྲ”སོགས་ཀྱི་ནང་དོན་མཆིས་པས་དེའི་འཕྲོས་དོན་ནི་ཉི་མ་བཞིན་དུ་ཤར་བ་དང་འབྲུག་སྒྲ་བཞིན་དུ་གྲགས་པ་ཞེས་པ་དེ་ཡིན། དེ་རྒྱ་སྐད་དུ་བསྒྱུར་ན“ཀྲེན་ཏན”ཞེས་པ་དང་། གནའ་བོའི་རྒྱ་གར་གྱིས་ཀྲུང་གོ་ལ“ཀྲེན་ཏན”དང་། ཀྲུང་གོས་རྒྱ་གར་ལ“ཐེན་ཀྲུའུ”ཞེས་འབོད། ཀྲུང་གོའི་མིང་འདོགས་སྲོལ་ལྟར་ན་རུས་ནི་མིང་གི་མགོར་འཇོག་པས “ཀྲུའུ་ཀྲེན་ཏན”ཞེས་པ་མ་ཡིན་ནམ་ཞེས་བཤད། ཁོང་གི་གནའ་ཤེས་དེང་རྟོགས་དང་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་གོ་དོན་མཐིལ་རྟོགས་བྱེད་ཐུབ་པའི་སྐད་ཆ་དེར་ཚོགས་རའི་ནང་གི་མི་ཚང་མས་དགའ་བསུ་ཆེན་པོ་བྱས་ལ། ཐའེ་ཀོར་ཡང་ཐུགས་རབ་ཏུ་རྒྱས་ནས་མིང་དུ་གྲགས་པའི་ཐམ་རྐོ་པས་རྐོས་པའི་མིང་བྱང་དང་དུ་བླངས་པ་རེད།

ཐའེ་ཀོར་འཚམས་འདྲི་ལ་ཕེབས་པ་འདིས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་རིག་གནས་བརྗེ་རེས་དང་མཛའ་འབྲེལ་ཇེ་དམ་དུ་བཏང་བ་དང་། ཁོང་ཉིད་ཕྱིར་རྒྱ་གར་དུ་ལོག་རྗེས་ཀྲུང་གོ་མི་དམངས་ལ་བརྩེ་བ་མཚོན་པའི་གསུང་རྩོམ་མང་པོ་ཕྱག་བྲིས་གནང་ཡོད་དོ། །

བརྡ་འགྲེལ་གདོང་འཛར།

རྒྱ་གར། སྙན་ངག་མཁན་པོ། ཐའེ་ཀོར།