རྒྱ་གར་རང་དབང་གི་ལམ་སྟོན་སྒྲོན་མེ་ཀན་ཏི།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-12-08 09:31ལ་འགྲུབ།

རྒྱ་གར་རང་དབང་གི་ལམ་སྟོན་སྒྲོན་མེ་ཀན་ཏི།

རྒྱ་གར་རང་དབང་གི་ལམ་སྟོན་སྒྲོན་མེ་ཀན་ཏི།
མོ་ཧན་ཏ་སི·ཁོ.ཀན་ཏི་ནི(སྤྱི་ལོ1869ནས་སྤྱི་ལོ1948ལོའི་བར)རྒྱ་གར་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་སྤྱི་ཚོགས་བྱ་འགུལ་པ་ཞིག་དང་། རྒྱ་གར་མི་དམངས་རང་དབང་ལ་བརྩོན་པའི་དབུ་ཁྲིད་པ་ཞིག་ཀྱང་ཡིན་པས་རྒྱ་གར་མི་དམངས་ཀྱིས་ཁོང་ནི་བླ་ཆེན་ཞིག་ཏུ་བརྩི། ཀན་ཏི་ནི་པོ་ཨེར་པན་ཏ་ནས་སྐྱེས་ཏེ་ས་དེ་ནས་ནར་སོན། སློབ་ཆུང་ནས་སློབ་འབྲིང་བར་ཁོང་གིས་དགེ་རྒན་དང་སློབ་གྲོགས་སུ་ལའང་རྫུན་སྨྲས་མ་མྱོང་། ཁོང་ནི་རྒྱུན་དུ་མི་མང་ཡོད་སར་འགྲོ་རྒྱུར་མི་དགའ་བར་རང་གཅིག་པུས་སློབ་དེབ་ལ་ལྟ་རྒྱུར་དགའ་ཡང་སློབ་དེབ་ལས་གཞན་གྱི་དཔེ་ཆ་ལྟ་རྒྱུར་མི་དགའ་ལ་དགེ་རྒན་གྱི་འདྲི་ཞིབ་དང་ལེན་བྱེད་རྒྱུར་དེ་བས་མི་དགའ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莫罕达斯·卡拉姆昌德·甘地
ཕྱི་ཡིག་གི་མིང་།
Mohandas Karamchand Gandhi
སྐྱེས་ལོ།
སྤྱི་ལོ1869ལོའི་ཟླ10པའི་ཚེས2ཉིན།
འདས་ལོ།
སྤྱི་ལོ1948ལོའི་ཟླ1པོའི་ཚེས30ཉིན།
རྒྱལ་ཁོངས།
རྒྱ་གར།
མིང་གཞན།
Mahatma Gandhi
1 ངོ་སྤྲོད་མདོར་བསྡུས།

མོ་ཧན་ཏ་སི.ཁོ.ཀན་ཏི་ནི(སྤྱི་ལོ1869ནས་སྤྱི་ལོ1948ལོའི་བར)རྒྱ་གར་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་སྤྱི་ཚོགས་བྱ་འགུལ་པ་ཞིག་དང་། རྒྱ་གར་མི་དམངས་རང་དབང་ལ་བརྩོན་པའི་དབུ་ཁྲིད་པ་ཞིག་ཀྱང་ཡིན་པས་རྒྱ་གར་མི་དམངས་ཀྱིས་ཁོང་ནི་བླ་ཆེན་ཞིག་ཏུ་བརྩི།

ཀན་ཏི་ནི་པོ་ཨེར་པན་ཏ་ནས་སྐྱེས་ཏེ་ས་དེ་ནས་ནར་སོན། སློབ་ཆུང་ནས་སློབ་འབྲིང་བར་ཁོང་གིས་དགེ་རྒན་དང་སློབ་གྲོགས་སུ་ལའང་རྫུན་སྨྲས་མ་མྱོང་། ཁོང་ནི་རྒྱུན་དུ་མི་མང་ཡོད་སར་འགྲོ་རྒྱུར་མི་དགའ་བར་རང་གཅིག་པུས་སློབ་དེབ་ལ་ལྟ་རྒྱུར་དགའ་ཡང་སློབ་དེབ་ལས་གཞན་གྱི་དཔེ་ཆ་ལྟ་རྒྱུར་མི་དགའ་ལ་དགེ་རྒན་གྱི་འདྲི་ཞིབ་དང་ལེན་བྱེད་རྒྱུར་དེ་བས་མི་དགའ།

འོན་ཀྱང་ཐེངས་ཤིག་ལ། ཁོའི་ཨ་ཕས་སི་ལུའོ་ཧྥན་ན་ལགས་ཀྱིས་ཕ་མར་བསྙེན་བཀུར་བྱས་ཚུལ་བརྗོད་པའི་དཔེ་ཆ་ཞིག་ཉོས་ཡོང་བ་ན་ཁོང་གིས་ཧ་ཅང་སྤྲོ་བ་ལྡན་པའི་ངང་བཀླགས། མ་འགྱངས་པར་ཁོའི་ཁྱིམ་དུ་ཀོ་བརྙན་ཟློས་གར་འཁྲབ་མཁན་སྐོར་ཞིག་ཡོང་། ཁོང་ཚོའི་འཁྲབ་སྟོན་གྱི་བཟོ་ལྗོངས་ཤིག་ལས་སི་ལུའོ་ཧྥན་ན་ལགས་ཀྱིས་ཕ་མྲ་གཉིས་ཁུར་ནས་མཇལ་སྐོར་ལ་འགྲོ་བའི་སྐོར་མཐོང་བ་དང་། དཔེ་ཆ་དེ་དང་ངང་ཚུལ་དེས་ཁོར་སུབ་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་ལ། རང་ཡིད་ཀྱི་སློབ་སྦྱོང་བྱེད་སའི་མིག་དཔེ་རུ་བཟུང་། རྗེས་སུ་ཡང་ཕ་མ་གཉིས་ཀྱི་ཡིད་འཐད་འོག《ཧ་ལི་སི་ཁྲང་ཏི་ལུའོ》ཞེས་པའི་ཟློས་གར་དེར་བལྟས་པ་དང་། བལྟས་རྗེས་ཁོའི་ཡིད་སེམས་རབ་ཏུ་བཀུག ཁོས་རང་ཉིད་ལ་མི་ཚང་མ་ཧ་ལི་སི་ཁྲང་ཏི་ལུའོ་ལྟ་བུའི་གཞུང་དྲང་ཞིག་མིན་པའི་རྒྱུ་མཚན་ཅི་ཞེས་འདྲི་ཚིག་བཀོད། ཁོའི་གནས་ཚུལ་ཇི་འདྲའི་འོག་ནས་ཀྱང་བདེན་ལུགས་དང་བསྟུན་པའི་ཧ་ལི་སི་ཁྲང་ཏི་ལུའོ་ལྟ་བུ་ཞིག་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཞག་པ་དང་། དེས་ཁོང་གི་ཚེ་གང་བོར་ཤན་ཤུགས་ཟབ་མོ་ཐེབས།

ཀན་ཏི་ནར་སོན་རྗེས་བྱམས་སྙིང་རྗེ་ལྡན་ཞིང་དཀར་ཟས་སྤྱོད་པ། སྲོག་མི་གཅོད་པའི་འདུ་ཤེས་བཅས་བཟུང་ནས་མཇུག་མཐར་ཞི་བའི་ངོ་རྒོལ་གྱི་གཞུང་ལུགས་ཤིག་ཏུ་གྲུབ། འདི་ལྟ་བུའི་བསམ་བློའི་མཛུབ་སྟོན་འོག་ཁོང་གིས་ཨ་ཧྥེ་རི་ཁ་ལྷོ་ཕྱོགས་ཀྱི་རྒྱ་གར་ཕྱི་སྡོད་རང་མིའི་སྣེ་ཁྲིད་དེ“ནག་དོན”དང《ཡ་གླིང་པའི་ཐོ་འགོད་སྲོལ་ཡིག》ལ་ངོ་རྒོལ་བྱས་པ་དང་ཐོག་མའི་རྒྱལ་ཁ་བླངས། སྤྱི་ལོ1915ལོར། ཀན་ཏི་ཕྱིར་རྒྱ་གར་དུ་ལོག་སྟེ་རྒྱལ་ཁབ་ཏང་ཁག་ཆེ་བའི་གཙོ་འཛིན་ངོ་མ་རུ་གྱུར། སྤྱི་ལོ1919ལོར་ཁོང་གིས་ཞི་བདེའི་ལས་འགུལ་སྤེལ་བས་ཁོང་ཉིད་ལས་འགུལ་དེའི་གསར་གཏོད་པ་རུ་གྱུར། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཀན་ཏིས་དངོས་སུ་དབྱིན་ཇི་པ་རྒྱ་གར་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཡང་བསྐྱར་ཞི་བའི་ངོ་རྒོལ་དང་མཉམ་འབྲེལ་མི་བྱེད་པའི་ཁ་གཡང་བསྒྲགས་པ་ན་དབྱིན་ཇི་པས་དྲག་ཤུགས་ཀྱིས་གཉའ་གནོན་བྱས། སྤྱི་ལོ1948ལོའི་ལོ་མགོར་ཀན་ཏིར་ལྐོག་གསོད་ཐེབས་ཀྱང་ཁོས་ཞུམ་པ་མེད་པར་རྒྱ་གར་མི་དམངས་ཀྱི་སྣེ་ཁྲིད་པ་དེས་མཇུག་མཐར་རྒྱ་གར་ལ་རང་བཙན་ཐོབ།