རྡོ་སྣུམ་རྒྱལ་པོ་ལུའོ་ཁོ་ཧྥེ་ལེ།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:27ལ་འགྲུབ།

རྡོ་སྣུམ་རྒྱལ་པོ་ལུའོ་ཁོ་ཧྥེ་ལེ།

རྡོ་སྣུམ་རྒྱལ་པོ་ལུའོ་ཁོ་ཧྥེ་ལེ།
ཡུའེ་ཧན·ལུའོ་ཁོ་ཧྥེ་ལེ་ཡིས(སྤྱི་ལོ1839ནས་སྤྱི་ལོ1937ལོའི་བར)མེ་ཧྥུ་རྡོ་སྣུམ་ཀུང་ཟི་བཙུགས་ཏེ་ཨ་རིའི་རྒྱལ་ཡོངས་ཀྱི་རྡོ་སྣུམ་ལས་རིགས་སྒེར་སྡེམ་བྱས། དེ་བས་ཁོང་ནི་ཨ་རིའི་ལོ་རྒྱུས་སྟེང་ཏུ་མ་རྩ་ཨ་རིའི་སྒོར་མོ་དུང་ཕྱིར་བཅུ་ཡོད་པའི་ཐོག་མའི་འབྱོར་བདག་ཏུ་གྱུར། ཁོང་གིས་ལུའོ་ཁོ་ཧྥེ་ལེའི་ཁྱིམ་རྒྱུད་རང་བཞིན་གྱི་ཁེ་ལས་བཙུགས་པ་དང་ལུའོ་ཁོ་ཧྥེ་ལེའི་ཁྱིམ་རྒྱུད་ཨ་རིའི་དཔལ་འབྱོར་ལ་དབང་སྒྱུར་ཐུབ་པའི་དངུལ་རྩའི་སྒེར་སྡེམ་པ་ཆེན་མོར་གྱུར། ལུའོ་ཁོ་ཧྥེ་ལེའི་ཨ་ཕ་ནི་ཚོང་ལས་ལ་བྱང་ཆ་ལྡན་པ་ཞིག་ཡིན་ལ་ཨ་ཕའི་ཤུགས་རྐྱེན་དང་སྐྱེད་སྲིང་ལ་བརྟེན་ནས་ལུའོ་ཁོ་ཧྥེ་ལེ་ཡིས་ཆུང་དུས་ནས་ཚོང་རྒྱག་ཤེས། ཁོང་གི་ཆུང་དུས་ཀྱི་རྩེད་གྲོགས་རྣམས་ཀྱིས་ཁོང་ལ་མ་འོངས་པར་བྱ་བ་གང་ཞིག་གཉེར་འདོད་ཅེས་དྲིས་ཚེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“ཨ་སྒོར་ཁྲི་བཅུ་ཡོད་པའི་འབྱོར་བདག་ཅིག་བྱེད་འདོད”ཅེས་ལན་བཏབས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
约翰·洛克菲勒
ཕྱི་ཡིག་གི་མིང་།
John Davison Rockefeller
སྐྱེས་ལོ།
སྤྱི་ལོ1839ལོའི་ཟླ7པའི་ཚེས8ཉིན།
འདས་ལོ།
སྤྱི་ལོ1937ལོའི་ཟླ5པའི་ཚེས23ཉིན།
1 ངོ་སྤྲོད་མདོར་བསྡུས།

ཡུའེ་ཧན·ལུའོ་ཁོ་ཧྥེ་ལེ་ཡིས(སྤྱི་ལོ1839ནས་སྤྱི་ལོ1937ལོའི་བར)མེ་ཧྥུ་རྡོ་སྣུམ་ཀུང་ཟི་བཙུགས་ཏེ་ཨ་རིའི་རྒྱལ་ཡོངས་ཀྱི་རྡོ་སྣུམ་ལས་རིགས་སྒེར་སྡེམ་བྱས། དེ་བས་ཁོང་ནི་ཨ་རིའི་ལོ་རྒྱུས་སྟེང་ཏུ་མ་རྩ་ཨ་རིའི་སྒོར་མོ་དུང་ཕྱིར་བཅུ་ཡོད་པའི་ཐོག་མའི་འབྱོར་བདག་ཏུ་གྱུར། ཁོང་གིས་ལུའོ་ཁོ་ཧྥེ་ལེའི་ཁྱིམ་རྒྱུད་རང་བཞིན་གྱི་ཁེ་ལས་བཙུགས་པ་དང་ལུའོ་ཁོ་ཧྥེ་ལེའི་ཁྱིམ་རྒྱུད་ཨ་རིའི་དཔལ་འབྱོར་ལ་དབང་སྒྱུར་ཐུབ་པའི་དངུལ་རྩའི་སྒེར་སྡེམ་པ་ཆེན་མོར་གྱུར། ལུའོ་ཁོ་ཧྥེ་ལེའི་ཨ་ཕ་ནི་ཚོང་ལས་ལ་བྱང་ཆ་ལྡན་པ་ཞིག་ཡིན་ལ་ཨ་ཕའི་ཤུགས་རྐྱེན་དང་སྐྱེད་སྲིང་ལ་བརྟེན་ནས་ལུའོ་ཁོ་ཧྥེ་ལེ་ཡིས་ཆུང་དུས་ནས་ཚོང་རྒྱག་ཤེས། ཁོང་གི་ཆུང་དུས་ཀྱི་རྩེད་གྲོགས་རྣམས་ཀྱིས་ཁོང་ལ་མ་འོངས་པར་བྱ་བ་གང་ཞིག་གཉེར་འདོད་ཅེས་དྲིས་ཚེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“ཨ་སྒོར་ཁྲི་བཅུ་ཡོད་པའི་འབྱོར་བདག་ཅིག་བྱེད་འདོད”ཅེས་ལན་བཏབས།

ཐོག་དང་པོར་ལས་ལམ་འབྱེད་དུས་ལུའོ་ཁོ་ཧྥེ་ལེས་ཁོ་ལ་ཁོ་དང་མཉམ་འབྲེལ་སྒོས་ཀུང་ཟི་ཞིག་བཙུགས། མིང་ལ་ཁོ་ལ་ཁོ་ལུའོ་ཁོ་ཧྥེ་ལེའི་ཚོང་ཁང་ཟེར། སྤྱི་ལོ1865ལོའི་ཟླ2པའི་ཚེས2ཉིན་བདག་གཉེར་ཕྱོགས་ཀྱི་བསམ་འཆར་མ་མཐུན་པས་ཁོང་གཉིས་རང་རང་སར་མི་འགྲོ་ཀ་མེད་བྱུང་། དེ་བས་གཉིས་ཀས་ཀུང་ཟི་རིན་གོང་མཐོན་པོ་སྟེར་མཁན་ལ་འཚོང་རྒྱུ་ཐག་བཅད།

ལུའོ་ཁོ་ཧྥེ་ལེ་ཡིས་ཨ་སྒོར་འབུམ་ལྔ་དང་ཁོ་ལ་ཁོ་ཡིས་ཨ་སྒོར་འབུམ་བཅུ་ཕུད་པའི་རིན་གོང་བསྒྲགས་མཐར་ལུའོ་ཁོ་ཧྥེ་ལེའི་ཨ་སྒོར་བྱེ་བ་དྲུག་མི་ཕུད་ཐབས་མེད་བྱུང་། “ངས་ཨ་སྒོར་བྱེ་བ་བདུན་དང་འབུམ་གཅིག་ཕུད”ཁོ་ལ་ཁོས་དེ་ལྟར་བསྒྲགས། “ངས་ཨ་སྒོར་བྱེ་བ་བདུན་དང་འབུམ་གཅིག་ཁྲི་ལྔ་ཕུད”ལུའོ་ཁོ་ཧྥེ་ལེའི་ངོ་གདོང་དམར་པོར་གྱུར་ཏེ་སྐད་གསང་མཐོན་པས་དེ་ལྟར་བསྒྲགས། ཁོ་ལ་ཁོ་ཡིས་དངན་པ་རིང་པོ་ཞིག་འཐེན་བཞིན་ཡར་ལངས་ནས་ལུའོ་ཁོ་ཧྥེ་ལེའི་ལག་མགོར་འཇུས་ཏེ“ཁྱོད་ང་ལས་འཇོན་ཐང་མངའ། ཁྱོད་རང་རྒྱལ་འདུག ཀུང་ཟི་ཁྱོད་ལ་དབང་བ་ཡིན.....ཞེས་བཤད། དེ་ལྟར་ལུའོ་ཁོ་ཧྥེ་ལེའི་གཞན་ལས་ལྷག་པའི་ཆོད་སེམས་ལ་བརྟེན་ནས་ཚོང་གྲོགས་ཀྱི་ལག་ནས་ཀུང་ཟི་ཉོས་པ་དང་སྤོབས་པ་ཆེན་པོས་ལས་དོན་བསྒྲུབས་མགོ་བརྩམས། མ་འགྱངས་པར་ལུའོ་ཁོ་ཧྥེ་ལེ་རྡོ་སྣུམ་ལས་རིགས་སུ་ཞུགས་པ་དང་ཚད་ལྡན་གྱི་རྡོ་སྣུམ་ཀུང་ཟི་བཙུགས། རྗེས་སུ་ཀུང་ཟིའི་མིང་མེ་ཧྥུ་རྡོ་སྣུམ་ཀུང་ཟི་རུ་བསྒྱུར།

ལོ་གང་མང་གི་བདག་གཉེར་ལ་བརྟེན་ནས་སྤྱི་ལོ1910ལོར་ལུའོ་ཁོ་ཧྥེ་ལེའི་དངུལ་རྩ་སྤྱི་ལོ1901ལོའི་ཨ་སྒོར་དུང་ཕྱུར་གཉིས་ནས་དུང་ཕྱུར་བཅུ་རུ་འཕར། མེ་ཧྥུ་རྡོ་སྣུམ་ལས་རིགས་ལ་བརྟེན་ནས་ལུའོ་ཁོ་ཧྥེ་ལེ་ཨ་སྒོར་དུང་ཕྱིར་བཅུའི་མ་རྩ་ཡོད་པའི་འབྱོར་བདག་ཆེན་མོར་གྱུར།