ITམཁས་དབང་པི་ཨེར.ཀེ་ཚི།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-12-08 09:31ལ་འགྲུབ།

ITམཁས་དབང་པི་ཨེར.ཀེ་ཚི།

ITམཁས་དབང་པི་ཨེར.ཀེ་ཚི།
པི་ཨེར.ཀེ་ཚི་ནི(སྤྱི་ལོ1955ལོ)མཉེན་ཆས་ཕྲ་མོའི་ཀུང་ཟིའི་ཀྲུའུ་ཞི་དང་མཉེན་ཆས་ཀྱི་ཇུས་འགོད་པ་ཐོག་མ་ཡིན། ཁོང་ལོ་བཅུ་གསུམ་ནས་བཟུང་རྩིས་འཁོར་གྱི་གོ་རིམ་སྒྲིག་བཟོ་བྱས། སྤྱི་ལོ1975ལོར། ལོ་ཉི་ཤུར་སོན་མ་ཐག་པའི་པི་ཨེར.ཀེ་ཚིས་གྲོགས་པོ་དང་མཉམ་དུ་མཉེན་ཆས་ཕྲ་མོའི་ཀུང་ཟི་བཙུགས། སྤྱི་ལོ1973ལོར་པི་ཨེར·ཀེ་ཚི་ཧ་ཧྥོ་སློབ་ཆེན་འགྲིམས། ཁོང་གི་གྲོགས་པོ་པའོ་ལུའོ་ཡིས་གློག་ཀླད་ཀུང་ཟི་ཞིག་ཏུ་གོ་རིམ་སྒྲིག་བཟོའི་བྱ་བ་རྙེད། ཁོང་གཉིས་ངོ་ཐུག་ཐེངས་རེར་ནམ་རྒྱུན་གློག་ཀླད་སྐོར་གྱི་ཁ་བརྡ་རྐྱང་རྐྱང་བྱེད། སྤྱི་ལོ1975ལོའི་ཟླ་དང་པོའི《གློག་རྡུལ་རིག་པ)དུས་དེབ་ཀྱི་མདུན་ཤོག་ཏུAlai8008རྟགས་ཅན་གྱི་རྩིས་འཁོར་པར་རིས་ཤིག་གིས་པི་ཨེར·ཀེ་ཚིའི་གློག་ཀླད་ཀྱི་རེ་འདུན་རྨང་ནས་བསླངས། ཁོང་དང་གྲོགས་པོ་པའོ་ལུའོ་གཉིས་ཀྱིས་གཟའ་འཁོར་བརྒྱད་ཀྱི་རིང་ཧ་ཧྥོ་རྩིས་འཁོར་ལྟེ་གནས་སུ་བྱ་བ་བསྒྲུབས་ཤིང་། རྩིས་འཁོར་དེརBasicསྐད་ཆ་སྒྲིག་སྦྱོར་བྱས་ནསPCམཉེན་ཆས་ལས་རིགས་ཀྱི་ལམ་གསར་བ་བཏོད། དེ་ལ་བརྟེན་ནས་མཉེན་ཆས་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པར་རྨང་གཞི་བཏིངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
比尔·盖茨
ཕྱི་ཡིག་གི་མིང་།
Bill Gates
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ10པའི་ཚེས28ཉིན།
རྒྱལ་ཁོངས།
ཨ་མེ་རི་ཀ
1 ​ངོ་སྤྲོད་མདོར་བསྡུས།

པི་ཨེར.ཀེ་ཚི་ནི(སྤྱི་ལོ1955ལོ)མཉེན་ཆས་ཕྲ་མོའི་ཀུང་ཟིའི་ཀྲུའུ་ཞི་དང་མཉེན་ཆས་ཀྱི་ཇུས་འགོད་པ་ཐོག་མ་ཡིན། ཁོང་ལོ་བཅུ་གསུམ་ནས་བཟུང་རྩིས་འཁོར་གྱི་གོ་རིམ་སྒྲིག་བཟོ་བྱས། སྤྱི་ལོ1975ལོར། ལོ་ཉི་ཤུར་སོན་མ་ཐག་པའི་པི་ཨེར.ཀེ་ཚིས་གྲོགས་པོ་དང་མཉམ་དུ་མཉེན་ཆས་ཕྲ་མོའི་ཀུང་ཟི་བཙུགས།

སྤྱི་ལོ1972ལོའི་དབྱར་ཁ་ཞིག་ལ། ཁོང་ལས་ལོ་གསུམ་གྱིས་ཆེ་བའི་པའོ་ལུའོ་ཡིས《གློག་རྡུལ་རིག་པ》ཞེས་པའི་དུས་དེབ་ཅིག་ཁྱེར་འོངས་ཤིང་དེའི་སྟེང་གི་རང་བྱུང་ཚན་པ་བཅུ་ལས་མེད་པའི་རྩོམ་ཡིག་ཅིག་སྟོན་ཞོར་ཁོང་ལ་གསར་དུ་བཙུགས་པའི་དབྱིན་ཐེ་ཨེར་ཟེར་བའི་ཀུང་ཟི་ཞིག་གིས་མིང་ལ8008ཟེར་བའི་སྒྲིག་ཆས་ཀྱི་ལྷེ་པ་ཞིག་གསར་བཟོ་བྱས་འདུག་ཟེར། ཁོང་གཉིས་ཀྱིས་ཅང་མ་འགྱངས་པར་ལྷེ་པ་ཞིག་བཙལ་ནས་འཕྲུལ་ཆས་ཤིག་བཟོས་ཏེ། གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྟ་རྟོག་དཔྱད་ཆས་ལ་ཞིབ་འཇུག་བྱས། དེ་ལ་བརྟེན་ནས་ཀུང་ཟི་འཛུགས་རྒྱུའི་བསམ་ཚུལ་ཡང་སྐྱེས་སོ། །

སྤྱི་ལོ1973ལོར་པི་ཨེར.ཀེ་ཚི་ཧ་ཧྥོ་སློབ་ཆེན་འགྲིམས། ཁོང་གི་གྲོགས་པོ་པའོ་ལུའོ་ཡིས་གློག་ཀླད་ཀུང་ཟི་ཞིག་ཏུ་གོ་རིམ་སྒྲིག་བཟོའི་བྱ་བ་རྙེད། ཁོང་གཉིས་ངོ་ཐུག་ཐེངས་རེར་ནམ་རྒྱུན་གློག་ཀླད་སྐོར་གྱི་ཁ་བརྡ་རྐྱང་རྐྱང་བྱེད། སྤྱི་ལོ1975ལོའི་ཟླ་དང་པོའི《གློག་རྡུལ་རིག་པ》དུས་དེབ་ཀྱི་མདུན་ཤོག་ཏུAlai8008རྟགས་ཅན་གྱི་རྩིས་འཁོར་པར་རིས་ཤིག་གིས་པི་ཨེར.ཀེ་ཚིའི་གློག་ཀླད་ཀྱི་རེ་འདུན་རྨང་ནས་བསླངས། ཁོང་དང་གྲོགས་པོ་པའོ་ལུའོ་གཉིས་ཀྱིས་གཟའ་འཁོར་བརྒྱད་ཀྱི་རིང་ཧ་ཧྥོ་རྩིས་འཁོར་ལྟེ་གནས་སུ་བྱ་བ་བསྒྲུབས་ཤིང་། རྩིས་འཁོར་དེརBasicསྐད་ཆ་སྒྲིག་སྦྱོར་བྱས་ནསPCམཉེན་ཆས་ལས་རིགས་ཀྱི་ལམ་གསར་བ་བཏོད། དེ་ལ་བརྟེན་ནས་མཉེན་ཆས་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པར་རྨང་གཞི་བཏིངས།

སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སུ། པི་ཨེར.ཀེ་ཚི་ཧ་ཧྥོ་སློབ་ཆེན་དང་བྲལ་ཏེ་སྟོབས་ཤུགས་ཡོད་དགུ་མཉེན་ཆས་ཕྲ་མོའི་ཀུང་ཟི་འཛུགས་པའི་ཕྱོགས་སུ་བཏོན། སྐབས་དེར་ཁོང་ལ་རྩིས་འཁོར་ནི་མ་འོངས་པར་ཁྱིམ་ཚང་རེ་རེ་དང་གཞུང་ལས་ཁང་རེ་རེའི་ལག་ཆ་གལ་ཆེན་ཞིག་ཏུ་འགྱུར་བའི་བསམ་བློ་སྐྱེས། དེ་འདྲའི་དད་འདུན་གྱི་འོག་ཁོ་ཚོའི་མི་སྒེར་གྱི་རྩིས་འཁོར་ལ་མཉེན་ཆས་གསར་གཏོད་བྱེད་མགོ་བརྩམས།

པི་ཨེར.ཀེ་ཚི་ཡིས་བྱ་བ་བསྒྲུབ་རྒྱུའི་བློ་ཐག་བཅད་ཚེ། ཁོང་གིས་བྱ་བ་དེ་ལེགས་པོར་སྒྲུབ་ངེས་ཡིན། གློག་ཀླད་དང་ཚོང་དོན་ཐད་ལ་དགའ་ཕྱིར་ཁོང་གཉིས་ལས་རིགས་གསར་གཏོད་ཀྱི་ལམ་ལ་ཞུགས་ཤིང་། དེང་དུས། མཉེན་ཆས་ཕྲ་མོ་ནི་ལས་རིགས་འདིའི་ཁྲོད་ཀྱི་མངའ་བདག་ལྟ་བུར་གྱུར་ཡོད་ལ། པི་ཨེར.ཀེ་ཚི་ནི་མཉེན་ཆས་ལས་རིགས་ཀྱི་མངའ་བདག་ལྟ་བུར་གྱུར་ཡོད་དོ། །

བརྡ་འགྲེལ་གདོང་འཛར།

ITམཁས་དབང་། པི་ཨེར.ཀེ་ཚི། Alai8008