འགུལ་རིས་འཁྲབ་སྟོན་པ་ཆེན་མོ་ཏི་སི་ཉི།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:29ལ་འགྲུབ།

འགུལ་རིས་འཁྲབ་སྟོན་པ་ཆེན་མོ་ཏི་སི་ཉི།

འགུལ་རིས་འཁྲབ་སྟོན་པ་ཆེན་མོ་ཏི་སི་ཉི།
ཝོ་ཨེར་ཐེ་ ཏི་སི་ཉི་ནི(སྤྱི་ལོ1901ལོ་ནས་སྤྱི་ལོ1966ལོའི་བར)ཨ་མེ་རི་ཁའི་མིང་དུ་གྲགས་པའི་སྒྱུ་རྩལ་པ་དང་ཁེ་ལས་པ་སྟེ། ཁོང་ཆུང་དུས་ནས་རི་དྭགས་ཆུང་ངུའི་རིགས་ལ་ཧ་ཅང་དགའ། ཁོང་གིས་བརྩམས་པའི་ངོ་མཚར་ཆེ་བའི་འགུལ་རིས་ཏེ《ཙི་གུ་མེ་ཁེ》དང་། 《ངང་རྒན་ཐབ》 《གངས་དཀར་སྲས་མོ》 《གློག་བུར་ཤིང་རྐོས་འདྲ་གཟུགས་ལ་ཕྲད་པའི་སྒྲུང》སོགས་ཀྱིས་དུས་ད་ལྟའི་བར་དུ་འཛམ་གླིང་གི་བྱིས་པ་དག་གི་ཡིད་སེམས་བཀུག་ནས་ཡོད། མི་ཁ་ཤས་ཀྱིས་ཏི་སི་ཉི་ནི་ནི་ཙི་གུ་ཞིག་ལ་བརྟེན་ནས་མིང་དུ་གྲགས་པར་བཤད། དེ་ནི་རྫུན་གཏམ་མིན་ཏེ་ཁོང་གིས་ཙི་གུ་མེ་ཁེ་ཡིས་སྣང་བརྙན་གསར་བཟོ་བྱས་པས་འཛམ་གླིང་གི་བྱིས་པ་ཡོངས་ལ་སྤྲོ་སྣང་རྫོགས་མཐའ་མེད་པ་སྩལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沃尔特·迪斯尼
རྒྱལ་ཁོངས།
ཨ་མེ་རི་ཁ།
སྐྱེས་ལོ།
སྤྱི་ལོ1901ལོ།
འདས་ལོ།
སྤྱི་ལོ1966ལོ།
1 ངོ་སྤྲོད་མདོར་བསྡུས།

ཝོ་ཨེར་ཐེ་ ཏི་སི་ཉི་ནི(སྤྱི་ལོ1901ལོ་ནས་སྤྱི་ལོ1966ལོའི་བར)ཨ་མེ་རི་ཁའི་མིང་དུ་གྲགས་པའི་སྒྱུ་རྩལ་པ་དང་ཁེ་ལས་པ་སྟེ། ཁོང་ཆུང་དུས་ནས་རི་དྭགས་ཆུང་ངུའི་རིགས་ལ་ཧ་ཅང་དགའ། ཁོང་གིས་བརྩམས་པའི་ངོ་མཚར་ཆེ་བའི་འགུལ་རིས་ཏེ《ཙི་གུ་མེ་ཁེ》དང་། 《ངང་རྒན་ཐབ》 《གངས་དཀར་སྲས་མོ》 《གློག་བུར་ཤིང་རྐོས་འདྲ་གཟུགས་ལ་ཕྲད་པའི་སྒྲུང》སོགས་ཀྱིས་དུས་ད་ལྟའི་བར་དུ་འཛམ་གླིང་གི་བྱིས་པ་དག་གི་ཡིད་སེམས་བཀུག་ནས་ཡོད།

མི་ཁ་ཤས་ཀྱིས་ཏི་སི་ཉི་ནི་ནི་ཙི་གུ་ཞིག་ལ་བརྟེན་ནས་མིང་དུ་གྲགས་པར་བཤད། དེ་ནི་རྫུན་གཏམ་མིན་ཏེ་ཁོང་གིས་ཙི་གུ་མེ་ཁེ་ཡིས་སྣང་བརྙན་གསར་བཟོ་བྱས་པས་འཛམ་གླིང་གི་བྱིས་པ་ཡོངས་ལ་སྤྲོ་སྣང་རྫོགས་མཐའ་མེད་པ་སྩལ་ཡོད།

ཏི་སི་ཉི་ཆུང་དུས་སུ་ཨ་ཕ་དང་མཉམ་དུ་ཞིང་ར་ནས་འཚོ་བ་རོལ། ཨ་ཕས་བྱ་བ་ལེགས་པོར་བསྒྲུབ་པ་ལས་རྩེད་ཆས་ཀྱིས་ཕན་མི་ཐོགས་པར་བསམ་ནས་རྩེད་ཆས་ཀྱི་རིགས་གང་ཡང་མི་ཉོ་བར་ཏི་སི་ཉི་ལ་ཞིང་རར་སོ་ལྟ་བྱེད་དུ་བཅུག། དེའི་ཕྱིར་ཏི་སི་ཉི་སྲོག་ཆགས་དང་མཉམ་འགྲོ་མཉམ་འདུག་བྱས་ཏེ་དེ་ཚོའི་གྲོགས་པོར་གྱུར། ཁོང་གིས་རྒྱུན་དུ་ས་ཐོག་ཏུ་སྲོག་ཆགས་ཀྱི་གཟུགས་བརྙན་བྲིས་པས་ཨ་ཕས་ཁོར་གཅེར་རྡུང་བྱས་ཀྱང་རི་མོ་འབྲི་བ་གཏན་འགོག་བྱེད་མ་ཐུབ།

སྤྱི་ལོ1922ལོར་ཏི་སི་ཉི་ཡིས“སྤྲོ་དགའི་རིས་འགུལ་ཀུང་ཟི”ཞིག་བཙུགས། ཁན་ས་སི་གྲོང་ཁྱེར་གྱི་ཁང་ཆག་ཅིག་གི་ནང་དུ་ཁོང་གིས་ཟུར་ཟའི་རི་མོ་བའི་ཕུགས་བསམ་མངོན་འགྱུར་བྱེད་མགོ་བརྩམས།

ཉིན་ཞིག་ཏི་སི་ཉི་ཡིས་རི་མོ་འབྲི་སྐབས། ཙི་གུ་ཞིག་ཅོག་ཙེ་སྟེང་འོངས་ནས་ཟས་རིགས་ལྐོག་ཟ་བྱས། ཙི་གུ་ཆུང་ཆུང་དེས་ཏི་སི་ཉི་ཡི་རང་ལ་གནོད་འཚེ་མི་གཏོང་བ་ཤེས་ནས་རི་མོ་འབྲི་སའི་ཅོག་ཙེའི་སྟེང་འགོས་ནས་ཁོས་རི་མོ་འབྲི་བར་བལྟ་བ་དང་མཚུངས།

ཁེར་རྐྱང་དང་དཀའ་སྡུག་ཁྲོད་སྲོག་ལྡན་ཆེ་ཆུང་འདི་གཉིས་ཀྱི་བར་དུ་མཛའ་བརྩེ་དམ་པོ་ཞིག་ཆགས། ཕྱིས་སུ་ཏི་སི་ཉི་ཡིས་རིས་འགུལ་གློག་བརྙན་ཞིག་ཕབ་བསྐྲུན་བྱ་བར་མི་སྣ་གཙོ་བོ་ཞིག་གསར་བཞེང་བྱེད་པའི་འཆར་གཞི་བཀོད། སྐབས་དེར་ཁོང་གིས་ཙི་གུ་དེ་ཡིད་ལ་དྲན་ནས་མིང་ལ་ཙི་གུ་མེ་ཁེ་ཞེས་བཏགས།

འཛམ་གླིང་ན་མིང་དུ་གྲགས་པའི་ཙི་གུ་མེ་ཁེ་དེ་ལྟར་བྱུང་བ་རེད།


བརྡ་འགྲེལ་གདོང་འཛར།

འགུལ་རིས། འཁྲབ་སྟོན་པ། ཏི་སི་ཉི།