སྐམ་ས་ཆེན་པོ་རྙེད་མཁན་ཀོ་ལུན་པུའུ།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:29ལ་འགྲུབ།

སྐམ་ས་ཆེན་པོ་རྙེད་མཁན་ཀོ་ལུན་པུའུ།

སྐམ་ས་ཆེན་པོ་རྙེད་མཁན་ཀོ་ལུན་པུའུ།
ཀོ་ལུན་པུའུ་ནི(སྤྱི་ལོ1451ལོ་ནས་སྤྱི་ལོ1506ལོའི་བར)དབྱི་ཐ་ལིའི་མིང་དུ་གྲགས་པའི་མཚོ་འགྲུལ་མཁས་པ་དང་མྱུལ་དཔྱད་པ། གསར་གཏོད་པ་བཅས་ཡིན། ཁོང་ཐེངས་བཞིར་གྲུར་བསྡད་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་འཕྲེད་ཀྱིས་བཅད་ཅིང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ནས་ཨ་མེ་རི་ཁ་གླིང་ཆེན་བར་གྱི་མཚོ་ལམ་བཏོད། གཞན་ཁོང་རང་ཏོ་སྨི་ནི་ཁ་དང་ཕུལ་ཐོ་རི་ཁོ། ཅ་མེ་ཁ། ཧོང་ཏུ་ར་སི། ཕ་ན་མ་སོགས་སུ་ཐེངས་གསུམ་ཙམ་ལ་སོང་སྟེ་གསེར་སོགས་རྒྱུ་ནོར་འབོར་ཆེན་ཁྱེར་ཡོང་བ་དང་། མ་རྨོས་ལོ་ཏོག་དང་དུ་རྩྭ་སོགས་ས་དེ་གའི་སྐྱེ་དངོས་སྣ་ཚོགས་ཡོ་རོབ་གླིང་དུ་ཁྱེར་ནས་འཛམ་གླིང་ཧྲིལ་བོར་སྤེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克里斯托弗·哥伦布
རྒྱལ་ཁོངས།
དབྱི་ཐ་ལི།
སྐྱེས་ལོ།
སྤྱི་ལོ1451ལོ།
འདས་ལོ།
སྤྱི་ལོ1506ལོ།
1 ངོ་སྤྲོད་མདོར་བསྡུས།

ཀོ་ལུན་པུའུ་ནི(སྤྱི་ལོ1451ལོ་ནས་སྤྱི་ལོ1506ལོའི་བར)དབྱི་ཐ་ལིའི་མིང་དུ་གྲགས་པའི་མཚོ་འགྲུལ་མཁས་པ་དང་མྱུལ་དཔྱད་པ། གསར་གཏོད་པ་བཅས་ཡིན། ཁོང་ཐེངས་བཞིར་གྲུར་བསྡད་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་འཕྲེད་ཀྱིས་བཅད་ཅིང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ནས་ཨ་མེ་རི་ཁ་གླིང་ཆེན་བར་གྱི་མཚོ་ལམ་བཏོད། གཞན་ཁོང་རང་ཏོ་སྨི་ནི་ཁ་དང་ཕུལ་ཐོ་རི་ཁོ། ཅ་མེ་ཁ། ཧོང་ཏུ་ར་སི། ཕ་ན་མ་སོགས་སུ་ཐེངས་གསུམ་ཙམ་ལ་སོང་སྟེ་གསེར་སོགས་རྒྱུ་ནོར་འབོར་ཆེན་ཁྱེར་ཡོང་བ་དང་། མ་རྨོས་ལོ་ཏོག་དང་དུ་རྩྭ་སོགས་ས་དེ་གའི་སྐྱེ་དངོས་སྣ་ཚོགས་ཡོ་རོབ་གླིང་དུ་ཁྱེར་ནས་འཛམ་གླིང་ཧྲིལ་བོར་སྤེལ།

ཀོ་ལུན་པུའུ་ནི་མཁེལ་འཐག་བཟོ་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་སུ་ཁྱིམ་ཚང་ཧ་ཅང་དབུལ་བས་ཀོ་ལུན་པུའུ་ཡིས་རང་སྦྱོང་ལ་བརྟེན་ནས་ས་ཁམས་དང་རྒྱ་མཚོ། གནམ་དཔྱད་སོགས་ཀྱི་ཤེས་བྱ་སྦྱངས། ལོ་བཅུ་བཞི་ལ་སོན་སྐབས་མཚོ་འགྲུལ་བྱེད་མགོ་བརྩམས་ལ། ལོ་ཉེར་དགུའི་སྟེང་ཧྥ་རན་སེའི་གྲུ་གཟིངས་ཚོགས་པའི་ཚོགས་གཙོར་བསྐོས། སྤྱི་ལོ1486ལོར་ཀོ་ལུན་པུའུ་ཡིས་སི་ཕེན་གྱི་རྒྱལ་པོར་བསམ་གྱིས་མི་ཁྱབ་པའི་གྲོས་གཞི་ཞིག་བཏོན་པ་སྟེ། དེ་ནི་ས་སྒང་རིལ་བོ་ཡིན་པའི་གཞུང་ལུགས་རེད། ནུབ་ཀྱི་རྒྱ་མཚོ་ཆེན་མོ་ནས་ནུབ་ཕྱོགས་སུ་འགྲུལ་བཞུད་བྱས་ན་ཀྲུང་གོ་དང་རྒྱ་གར་ལ་བསླེབ་ཐུབ་ལ། དེ་ནི་ཤར་ཕྱོགས་སུ་བསྐྱོད་པ་དང་བསྡུར་ན་ཐག་ཧ་ཅང་ཉེ་ཞེས་བཤད། སྤྱི་ལོ1492ལོའི་ཟླ་བཞི་པར་སི་ཕེན་གྱི་དབང་སྒྱུར་མཁན་དབྱི་ཧྲ་པའེ་ཨེར་དང་མོའི་ཁྱོ་ག་ཧྥེ་ཏི་ནན་གཉིས་ཀྱིས་ཁོང་ཉིད་རྒྱལ་པོའི་མིང་གིས་ཤར་ཕྱོགས་སུ་བསྐྱོད་པའི་མཚོ་ལམ་འཚོལ་དུ་མངགས། ཕྱིས་སུ་ཁོང་ཐེངས་གསུམ་ལ་ཨ་མེ་རི་ཁ་གླིང་ཆེན་དུ་སོང་ནས་བསྟུད་མར་ཅ་མེ་ཁ་དང་ཕུལ་ཐོ་རི་ཁོ། ཏོ་སྨི་ནི་ཁ་སོགས་རྙེད་པར་མ་ཟད་།ཨ་མེ་རི་ཁ་གླིང་ཆེན་དཀྱིལ་དབུས་སུ་གནས་པའི་ཧོང་ཏུར་སི་དང་ཕ་ན་མ་སོགས་སུ་བསླེབས་ཤིང་། སི་ཕེན་གྱི་མི་སེར་ལས་དོན་ཕྱོགས་སུ་རྨང་གཞི་བརྟན་པོ་བཏིངས།

ཐེངས་ཤིག་གི་ཚོགས་འདུའི་སྟེང་སྐུ་མགྲོན་ཞིག་གིས་ཀོ་ལུན་པུའུ་ལ“ཁྱོད་ཀྱིས་སྐམ་ས་གསར་རྙེད་བྱུང་བར་ང་རྒྱལ་སྐྱེས་རྒྱུ་ཅི་ཡོད། དེ་ནི་ཕྱི་རོལ་ན་གནས་པའི་དངོས་པོ་ཡིན་པས་སྟབས་ལེགས་ཏེ་ཁྱོད་དང་ཐུག་པ་རེད”ཟེར། ཀོ་ལུན་པུའུ་ཡིས་ཁོ་ལ་རྩོད་པ་མ་བྱས་པར་སྒོ་ང་བཙོས་མ་ཞིག་སྐུ་མགྲོན་དེར་བྱིན་ཏེ“ཁྱོད་ཀྱིས་འདི་ཅོག་ཙེའི་སྟེང་ཡར་ལངས་སུ་བཅུག་དང” ཞེས་བཤད། སྐུ་མགྲོན་དེས་ཚོད་ལྟ་ཇི་འདྲ་བྱས་ཀྱང་བྱ་སྒོང་དེ་ཡར་སློང་མ་ནུས། སྐབས་དེར་ཀོ་ལུན་པུའུ་ཡིས་སྒོ་ང་ཡང་མོར་ཅོག་ཙེའི་སྟེང་བརྡབས་པ་ན་ཞབས་ཀྱི་སྒོང་ཤུན་བརྡོལ་ནས་སྒོ་ང་ཡར་ལངས་ནས་བསྡད་པས་མགྲོན་པོ་དེ་ཧ་ལས་སོང་། ཁོང་གིས་ཚང་མར“སྒོ་ང་མ་བཅག་ན་ཡར་ལངས་མི་ཐུབ། འདི་ཡང་ཕྱི་རོལ་ན་དངོས་སུ་གནས་ཡོད་ཀྱང་མི་ཁ་ཤས་ཀྱིས་མ་རྙེད་པའི་གནས་ལུགས་ཡིན"ཞེས་བཤད་དོ། །