ཨ་མེ་རི་ཁ་གླིང་ཆེན་གསར་དུ་རྙེད་མཁན་ཡ་མེ་ལི་ཀོསྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:33ལ་འགྲུབ།

ཨ་མེ་རི་ཁ་གླིང་ཆེན་གསར་དུ་རྙེད་མཁན་ཡ་མེ་ལི་ཀོ

ཨ་མེ་རི་ཁ་གླིང་ཆེན་གསར་དུ་རྙེད་མཁན་ཡ་མེ་ལི་ཀོ
མྱུལ་དཔྱད་པ་ཡ་མེ་ལི་ཀོ•ཝེ་སི་ཕུའུ་ཆི་ནི(སྤྱི་ལོ1454ལོ་ནས་སྤྱི་ལོ1512ལོའི་བར)དང་ཐོག་དབྱི་ཐ་ལིའི་ཧྥོ་ལུའོ་ལུན་ས་ཡི་ཚོང་པ་དང་དངུལ་ཁང་མཁས་ཅན་ཞིག་སྟེ། སི་ཕེན་དུ་གནས་སྤར་བ་ནས་མྱུལ་དཔྱད་ལ་སྤྲོ་བ་རྒྱས། ཡ་མེ་ལི་ཀོ་ཞི་བདེ་རྒྱ་མཚོ་ཆེན་མོར་མཚོ་འགྲུལ་ཐེངས་ཅི་ཙམ་བྱས་པ་སུས་ཀྱང་ཤེས་དཀའ། དུས་རབས་བཅུ་དྲུག་པའི་དུས་མགོར་ཁོང་གིས་སྐམ་ས་གསར་བའི་གོ་དོན་འཛམ་གླིང་ཡོངས་ལ་བསྒྲགས་པས། དུས་རབས་བར་མའི་ནུབ་གླིང་གི་མཁས་དབང་ཕུའུ་ཏུའོ་ལིའེ་སྨིས་ཐག་བཅད་པའི་སའི་གོ་ལའི་སྒྲིག་གཞི་མ་ལག་མགོ་རྟིང་སློག མིའི་རིགས་ཀྱིས་འཛམ་གླིང་ངོས་འཛིན་ཐད་ལ་བྱས་རྗེས་རླབས་ཆེན་བསྐྲུན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿美利哥·维斯普西
རྒྱལ་ཁོངས།
དབྱི་ཐ་ལི།
སྐྱེས་ལོ།
སྤྱི་ལོ1454ལོ།
འདས་ལོ།
སྤྱི་ལོ1512ལོ།
1 ངོ་སྤྲོད་མདོར་བསྡུས།

མྱུལ་དཔྱད་པ་ཡ་མེ་ལི་ཀོ•ཝེ་སི་ཕུའུ་ཆི་ནི(སྤྱི་ལོ1454ལོ་ནས་སྤྱི་ལོ1512ལོའི་བར)དང་ཐོག་དབྱི་ཐ་ལིའི་ཧྥོ་ལུའོ་ལུན་ས་ཡི་ཚོང་པ་དང་དངུལ་ཁང་མཁས་ཅན་ཞིག་སྟེ། སི་ཕེན་དུ་གནས་སྤར་བ་ནས་མྱུལ་དཔྱད་ལ་སྤྲོ་བ་རྒྱས། ཡ་མེ་ལི་ཀོ་ཞི་བདེ་རྒྱ་མཚོ་ཆེན་མོར་མཚོ་འགྲུལ་ཐེངས་ཅི་ཙམ་བྱས་པ་སུས་ཀྱང་ཤེས་དཀའ། དུས་རབས་བཅུ་དྲུག་པའི་དུས་མགོར་ཁོང་གིས་སྐམ་ས་གསར་བའི་གོ་དོན་འཛམ་གླིང་ཡོངས་ལ་བསྒྲགས་པས། དུས་རབས་བར་མའི་ནུབ་གླིང་གི་མཁས་དབང་ཕུའུ་ཏུའོ་ལིའེ་སྨིས་ཐག་བཅད་པའི་སའི་གོ་ལའི་སྒྲིག་གཞི་མ་ལག་མགོ་རྟིང་སློག མིའི་རིགས་ཀྱིས་འཛམ་གླིང་ངོས་འཛིན་ཐད་ལ་བྱས་རྗེས་རླབས་ཆེན་བསྐྲུན། 

ཨ་མེ་རི་ཁ་གླིང་ཆེན་ལྷོ་བྱང་གཉིས་སུ་བགར་ཡོད་དེ། མིང་ཧྲིལ་བོར“ཡ་མེ་ལི་ཅ་གླིང་ཆེན”ཟེར་ཞིང་། དེ་ནི་དབྱིན་ཡིག་གིAmencaཞེས་པ་བསྒྱུར་ནས་བྱུང་བ་རེད། དེའི་མིང་དེ་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེ་ནི་དུས་རབས་བཅོ་ལྔའི་དུས་མཇུག་ནས་དུས་རབས་བཅུ་དྲུག་པའི་དུས་མགོའི་བར་ཡོ་རོབ་གླིང་གི་མིས་ཨ་མེ་རི་ཁ་གླིང་ཆེན་གསར་རྙེད་བྱུང་བ་ནས་བརྗོད་དགོས། དབྱི་ཐ་ལིའི་མཚོ་འགྲུལ་པ་ཀོ་ལུན་པུའུ་ཡོ་རོབ་གླིང་ནས་ནུབ་ཕྱོགས་སུ་བསྐྱོད་དེ་རྒྱ་གར་གྱི་མཚོ་ལམ་བཙལ། སྤྱི་ལོ1492ལོའི་ཟླ10པར་ཁོང་ཉིད་ཅ་ལི་པེ་མཚོའི་གླིང་ཕྲན་དུ་བསླེབས་པས་དེ་ནི་རྒྱ་གར་ཡིན་པར་སྙམ། དུས་མཚུངས་སུ སྤྱི་ལོ1492ལོ་ནས་སྤྱི་ལོ1504ལོའི་བར་གྱི་ལོ་བདུན་བརྒྱད་ཀྱི་རིང་། ཡ་མེ་ལི་ཀོ་སྔ་རྗེས་སུ་མཚོ་འགྲུལ་ཐེངས་བཞིར་བྱས་ཏེ་ཀོ་ལུན་པུའུ་ཡིས་གསར་དུ་རྙེད་པའི་ཨ་མེ་རི་ཁ་གླིང་ཆེན་ལྷོ་མའི་བྱང་རྒྱུད་དུ་སླེབས།

སྤྱི་ལོ1499ལོར། ཡ་མེ་ལི་ཀོ་ཕུའུ་ཐའོ་ཡའི་མི་ཨའོ་ཁྲི་ཏས་སྣེ་ཁྲིད་པའི་གྲུ་ཁག་དང་མཉམ་དུ་མཚོ་ཐོག་ནས་རྒྱ་གར་ཕྱོགས་སུ་བསྐྱོད། ཁོང་ཚོས་ཀོ་ལུན་པུའུ་བརྒྱུད་མྱོང་བའི་ལམ་དེད་ནས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་མདུན་ཕྱོགས་སུ་བསྐྱོད་མཐར་ཨ་མེ་རི་ཁ་གླིང་ཆེན་གྱི་སྐམ་ས་ཆེན་མོར་བསླེབས། ཡ་མེ་ལི་ཀོ་ཡིས་ཨ་མེ་རི་ཁ་གླིང་ཆེན་ལྷོ་མའི་བྱང་ཤར་རྒྱུད་དུ་ལྟ་ཞིབ་ནན་མོ་བྱས་ཏེ་ས་ཁྲ་གསར་བ་ཞིག་བྲིས་ཤིང་། 《མཚོ་ཐོག་ལྟ་སྐོར་གྱི་གཏམ་རྒྱུད》ཅེས་པ་དེ་པར་དུ་བསྐྲུན། དཔེ་ཆའི་ནང་སྐམ་ས་གསར་བ་རྙེད་པའི་བརྒྱུད་རིམ་བྲིས་ཡོད་ལ། ད་དུང་སྐམ་ས་ཆེན་མོ་ཞིབ་བརྗོད་མཛད་ཡོད། ཕྱིས་སུ་ཧྥ་རན་སེའི་མཁས་པ་འགས་ས་ཁམས་རིག་པའི་གསུང་རྩོམ་ཆེན་མོ༔འཇིག་རྟེན་རིག་པ དག་བཅོས་དང་ཁ་གསབ་བྱས་ཤིང་ཡ་མེ་ལི་ཀོ་དེ་སྐམ་ས་ཆེན་མོའི་མིང་དུ་བཏགས། དེ་ནི་ཁོང་གིས་མིའི་རིགས་ཀྱིས་འཛམ་གླིང་ངོས་འཛིན་བྱ་བར་བྱས་རྗེས་རླབས་ཆེན་བསྐྲུན་པར་གཟེངས་བསྟོད་བྱེད་ཆེད་ཡིན་ནོ། །