སའི་གོ་ལར་བསྐོར་བ་བྱེད་མཁན་ཐོག་མ་མའེ་ཀྲེ་ལུན།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:33ལ་འགྲུབ།

སའི་གོ་ལར་བསྐོར་བ་བྱེད་མཁན་ཐོག་མ་མའེ་ཀྲེ་ལུན།

སའི་གོ་ལར་བསྐོར་བ་བྱེད་མཁན་ཐོག་མ་མའེ་ཀྲེ་ལུན།
ཧྥེ་ཏི་ནན་ཏི . མའེ་ཀྲེ་ལུན་ནི(སྤྱི་ལོ1480ལོ་ནས་སྤྱི་ལོ1521ལོའི་བར)ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་མཚོ་འགྲུལ་མཁན་དང་མྱུལ་དཔྱད་པ་ཡིན། སྔ་ཕྱིར་ཕུའུ་ཐའོ་ཡ་དང་སི་ཕེན་དུ་མཚོ་འགྲུལ་མྱུལ་དཔྱད་བྱས་ལ། སའི་གོ་ལར་སྐོར་བ་བྱེད་མཁན་ཐོག་མར་ངོས་འཛིན་མཛད། སྤྱི་ལོ1480ལོར། མའེ་ཀྲེ་ལུན་ནི་ཕུའུ་ཐའོ་ཡའི་ནུབ་རྒྱུད་ཀྱི་ཉམས་རྒུད་དུ་གྱུར་པའི་སྐྱ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་བཅུའི་སྟེང་ཕོ་བྲང་ནས་དམག་ལ་ཞུགས། ལོ་བཅུ་དྲུག་སྟེང་རྒྱལ་ཁབ་མཚོ་འགྲུལ་དོན་གཅོད་ཐིན་དུ་བྱ་བ་གཉེར། ལོ་ན་གཞོན་དུས་ཁོ་མཚོ་འགྲུལ་ལ་མོས་འདུན་དྲག་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斐迪南·麦哲伦
ཕྱི་ཡིག་གི་མིང་།
Ferdinand Magellan
སྐྱེས་ལོ།
སྤྱི་ལོ1480ལོ།
འདས་ལོ།
སྤྱི་ལོ1521ལོ།
1 ངོ་སྤྲོད་མདོར་བསྡུས།

ཧྥེ་ཏི་ནན་ཏི . མའེ་ཀྲེ་ལུན་ནི(སྤྱི་ལོ1480ལོ་ནས་སྤྱི་ལོ1521ལོའི་བར)ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་མཚོ་འགྲུལ་མཁན་དང་མྱུལ་དཔྱད་པ་ཡིན། སྔ་ཕྱིར་ཕུའུ་ཐའོ་ཡ་དང་སི་ཕེན་དུ་མཚོ་འགྲུལ་མྱུལ་དཔྱད་བྱས་ལ། སའི་གོ་ལར་སྐོར་བ་བྱེད་མཁན་ཐོག་མར་ངོས་འཛིན་མཛད།

སྤྱི་ལོ1480ལོར། མའེ་ཀྲེ་ལུན་ནི་ཕུའུ་ཐའོ་ཡའི་ནུབ་རྒྱུད་ཀྱི་ཉམས་རྒུད་དུ་གྱུར་པའི་སྐྱ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་བཅུའི་སྟེང་ཕོ་བྲང་ནས་དམག་ལ་ཞུགས། ལོ་བཅུ་དྲུག་སྟེང་རྒྱལ་ཁབ་མཚོ་འགྲུལ་དོན་གཅོད་ཐིན་དུ་བྱ་བ་གཉེར། ལོ་ན་གཞོན་དུས་ཁོ་མཚོ་འགྲུལ་ལ་མོས་འདུན་དྲག་པོ་ཡོད།

སྤྱི་ལོ1505ལོར། མའེ་ཀྲེ་ལུན་མཚོ་མཐའི་རྒྱང་བསྐྱོད་རུ་ཁག་ཏུ་ཞུགས་ཤིང་། དུས་དེ་ནས་བཟུང་མཐའ་མི་མངོན་པའི་རྒྱ་མཚོར་རྩད་ཞིབ་བྱ་བའི་མགོ་བརྩམས། ཐེངས་ཤིག་ལ། ཕྱིར་ལོག་པའི་ལམ་བར་དུ་གྲུ་གཟིངས་ཆུ་འོག་གི་བྲག་རྡོ་དང་ཐུག་ནས་ཚང་མའི་ཡིད་སེམས་ཕམ་ཡོད་དུས། མའེ་ཀྲེ་ལུན་གྱིས་སྙིང་སྟོབས་ཆེན་པོས་གསོན་ཡོད་པའི་གྲུ་པ་དག་གི་སྣེ་ཁྲིད་དེ་དཀའ་ཁག་མཐའ་དག་སེལ་ཏེ་སྐྱོབ་མཁན་ཡོང་རག་བར་དུ་སྒུག དོན་རྐྱེན་དེ་བརྒྱུད་ནས་ཁོང་ཡང་གྲུ་དཔོན་དུ་བསྐོས།

མའེ་ཀྲེ་ལུན་གྱིས་སའི་གོ་ལ་ནི་སྒོར་སྒོར་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ལ། སའི་གོ་ལར་བསྐོར་བ་གཅིག་རྒྱག་པའི་སེམས་ཐག་བཅད། མའེ་ཀྲེ་ལུན་གྱི་སའི་གོ་ལར་བསྐོར་བ་རྒྱག་པའི་འཆར་གཞི་དེར་སི་ཕེན་གྱི་རྒྱལ་པོས་ཆོག་མཆན་ཐོབ་པར་མ་ཟད། མཐའ་མི་མངོན་པའི་རྒྱ་མཚོར་རྩད་ཞིབ་བྱེད་པར་གན་རྒྱ་བཞག

སྤྱི་ལོ1519ལོའི་ཟླ9པའི་ཚེས20ཉིན། མའེ་ཀྲེ་ལུན་གྱིས་མི་ཉིས་བརྒྱ་རེ་ལྔ་ཙམ་གྲུ་ལྔ་ལ་བགོས་ནས་སའེ་ཝེ་ལི་ཡའི་ཧྲེང་ལུའུ་ཁ་ནས་ལམ་ལ་ཆས་ཤིང་། མཐའ་མི་མངོན་པའི་རྒྱ་མཚོར་རྩད་ཞིབ་བྱེད་པའི་མགོ་བརྩམས། ལམ་བར་དུ་ཁོ་ཚོ་འཕྲེད་ཐིག་ལྷོ་མའི་ཏུའུ་ལྔ་བཅུ་ང་གཉིས་ཙམ་དུ་མཚོ་འགག་ཅིག་དང་ཕྲད། མཚོ་འགག་དེ་ཀྱག་ཀྱོག་ཆེ་ལ་མཚམས་རེར་ཁོད་ཡངས་ལ་ལན་རེར་གུ་དོག མཚོ་འགག་ཕན་ཚུན་བསྣོ་ལ་ཡོད་ལ་རྦ་རླབས་དྲག་ཏུ་འཕྱུར། མའེ་ཀྲེ་ལུན་གྱིས་འདུན་པ་བརྟན་པོའི་ངང་གྲུ་ཁག་གི་སྣེ་ཁྲིད་དེ་མགོ་འཁོར་ཕོ་བྲང་ལྟ་བུའི་མཚོ་འགག་ལ་རྟོག་ཞིབ་བྱེད་བཞིན་མདུན་དུ་བསྐྱོད། མཚོ་འགག་དེ་ལ་ལྡོག་བསྐྱོད་ཟླ་གཅིག་ཙམ་ལ་བྱས་རྗེས་མཚོ་འགག་ལས་ཕྱིར་བུད་ནས་མཐའ་ཡས་པའི་རྒྱ་མཚོ་མཐོང་བྱུང་། རྒྱུན་དུ་བརྟན་ཅིང་བརླིང་བའི་མའེ་ཀྲེ་ལུན་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར།

མའེ་ཀྲེ་ལུན་གྱི་ཐེངས་དེའི་མཚོ་བསྐྱོད་བྱས་པར་རྗེས་དྲན་བྱེད་ཆེད་རྗེས་རབས་པ་ཚོས་མཚོ་འགག་དེའི་མིང་ལ “མའེ་ཀྲེ་ལུན་མཚོ་འགག” ཅེས་བཏགས།

མའེ་ཀྲེ་ལུན་སའི་གོ་ལར་མཚོ་བསྐྱོད་བྱས་པའི་ལམ་ཐིག་ནི་སི་ཕེན་ནས་མགོ་བརྩམས་ཏེ་མེ་གླིང་ལྷོ་མ་བསྐོར་ནས་མའེ་ཀྲེ་ལུན་མཚོ་འགག་རྙེད་པ་དང་། དེ་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་འཕྲེད་དུ་བཅད། ཁོང་ཉིད་ཧྥི་ལི་ཕིན་ནས་ལྐོག་གསོད་ཐེབས་ནའང་ཁོང་གི་གྲུ་ཁག་ནུབ་བསྐྱོད་བྱས་ནས་སི་ཕེན་དུ་སླེབས་ཤིང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་སའི་གོ་ལར་མཚོ་བསྐྱོད་ཀྱི་བྱ་གཞག་ལེགས་འགྲུབ་བྱུང་། སའི་གོ་ལ་སྒོར་སྒོར་ཡིན་པའི་ལྟ་བ་ར་སྤྲོད་བྱས། མི་རྣམས་ཀྱི་ས་རྒྱུས་ཤེས་བྱའི་མཐོང་རྒྱ་བསྐྱེད་པ་དང་ཚན་རིག་འཕེལ་རྒྱས་ཕྱོགས་སུ་བྱས་རྗེས་རླབས་ཆེན་བསྐྲུན་ནོ། །