བལྟོས་བཅས་རང་བཞིན།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:23ལ་འགྲུབ།

བལྟོས་བཅས་རང་བཞིན།

བལྟོས་བཅས་རང་བཞིན།
བལྟོས་བཅས་ཀྱི་རང་བཞིན་ཞེས་པ་ནི་བྱ་དངོས་གཅིག་འདྲ་བསྡུར་ཞིབ་བྱེད་སྐབས་ཚད་གཞི་ཞིག་ཡོད་དགོས་པར་མ་ཟད། ཚད་གཞི་དེ་འགྱུར་ངེས་ཡིན་པས། ཁྱོད་ཀྱིས་བྱ་དངོས་དེར་བསྡུར་ཞིབ་བྱེད་སྐབས་བལྟོས་བཅས་ཀྱི་རང་བཞིན་དུ་འགྱུར་བར་བྱེད་ལ། དེ་ནི་ཆ་རྐྱེན་ཡོད་པ་དང་ཚོད་འཛིན་ཐེབས་པ། དམིགས་བསལ་ཡིན་པ། འགྱུར་ལྡོག་གཏོང་ཐུབ་པ་བཅས་ཀྱི་གོ་དོན་ཡིན་པ་དང་། བལྟོས་མེད་ཀྱི་རང་བཞིན་དང་དོ་མཉམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
相对性
མཚན་ཉིད།
གཏན་ཚིགས་ཀྱི་བསམ་གཞིགས་ལས་བལྟོས་བཅས་ཀྱི་དོན་སྤྱི་བྱུང་།
ཁོངས་གཏོགས་ཁྱབ་ཁོངས།
གཏན་ཚིགས་རིག་པ།
ལྟོས་ཟླ།
ལྟོས་མེད་རང་བཞིན།
ཁུངས་གཏོགས།
བལྟོས་བཅས་རང་བཞིན་དང་བལྟོས་མེད་རང་བཞིན།
1 བརྡ་ཆད་ངོ་སྤྲོད་མདོར་བསྡུས།

བལྟོས་བཅས་དང་བལྟོས་མེད་ནི་གཏན་ཚིགས་བསམ་གཞིགས་ཀྱི་ཐོན་དངོས་ཡིན་པས་སྟེས་དབང་དང་གཅིག་འདྲ་ཡིན་ངེས། གཏན་ཚིགས་ཀྱི་བསམ་གཞིགས་ལས་བལྟོས་བཅས་ཀྱི་དོན་སྤྱི་བྱུང་བ་ཡིན་ན། ད་གཟོད་ལངས་ཕྱོགས་ཀྱི་བཤད་ཚུལ་མང་པོ་ཡོད་ལ། མི་དང་མིའི་བར་གྱི་བསམ་འཆར་མི་མཐུན་པ་དང་རྩོད་གླེང་ཡང་ཡོད་ངེས། ཚན་རིག་གི་ཐོག་ནས་བཤད་ན། བྱ་དངོས་གང་ཞིག་གི་འགུལ་སྐྱོད་དང་རིམ་འགྱུར་གང་ཞིག་ཡིན་རུང་ཚང་མ་ནི་ཕྱོགས་གང་ཅིའི་རྒྱུ་རྐྱེན་གྱིས་ཐུན་མོང་དུ་ནུས་པ་བཏོན་པའི་འབྲས་བུ་ལྡོག་ཏུ་མེད་པ་ཤ་སྟག་རེད། དེར་བརྟེན། ཚན་རིག་གི་ཐད་ལ་མི་ཤེས་པའི་རྒྱུ་རྐྱེན་ཁོ་ན་ལས་སྟེས་དབང་དུ་བྱུང་བའི་སྣང་ཚུལ་གཏན་ནས་མེད། སྟེས་དབང་ཞེས་པ་ནི་བསམ་ཡུལ་ལས་འདས་པའི་ལྡོག་མེད་ཅིག་རེད། གལ་ཏེ་བལྟོས་བཅས་དང་བལྟོས་མེད་ཅེས་པའི་དོན་སྤྱི་དེ་གཉིས་ཀྱི་བར་ལ་དབྱེ་འབྱེད་ཁོ་ན་བྱས་ན་ནམ་ཡང་གཅིག་གྱུར་གྱི་ཤེས་རྟོགས་ཐོབ་མི་ཐུབ། དཔེ་ སྟབས་བདེ་ཞིག་ནི་གཟུགས་རིང་བ་དང་ཐུང་བ། ཤ་རྒྱགས་པ་དང་རིད་པའི་རིགས་ཏེ། དཔེར་ན་ཡའོ་མིན་ནི་ང་ཚོ་མི་དཀྱུས་མ་ལས་མཐོ་བ་དང་། འཛམ་གླིང་ཐོག་གི་གཟུགས་རིང་ཨང་དང་པོ་ལས་ཐུང་བ་རེད་ལྟ་བུའོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བལྟོས་བཅས། བལྟོས་མེད། གཏན་ཚིགས།