གསེར་མཁར་སྒང་རི་རྒྱུད།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-26 08:58ལ་འགྲུབ།

གསེར་མཁར་སྒང་རི་རྒྱུད།

གསེར་མཁར་སྒང་རི་རྒྱུད་དུ་འབོད་པ་འདི་ཡང་ཙོང་ལ་རིང་མོའི་རི་རྒྱུད་སྟོད་ནས་ཤར་ཕྱོགས་ལན་གྲུའི་ཞིང་ས་ལ་བསྲིངས་པའི་རྒྱུན་གྱི་རི་ལག་ཅིག་ཡིན་ཞིང་། མིན་ཧོ་རྫོང་ཁོངས་ཀྱི་རི་རྒྱུད་ཆེན་པོ་བརྒྱད་ཀྱི་གྲས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香忠山脉
རིང་ཚད།
སྤྱི་ལེ15ཡོད།
མཚོ་འཕགས།
སྨི2000ལྷག་ཡོད།
1 ངོ་སྤྲོད།

གསེར་མཁར་སྒང་རི་རྒྱུད་དུ་འབོད་པ་འདི་ཡང་ཙོང་ལ་རིང་མོའི་རི་རྒྱུད་སྟོད་ནས་ཤར་ཕྱོགས་ལན་གྲུའི་ཞིང་ས་ལ་བསྲིངས་པའི་རྒྱུན་གྱི་རི་ལག་ཅིག་ཡིན་ཞིང་།  མིན་ཧོ་རྫོང་ཁོངས་ཀྱི་རི་རྒྱུད་ཆེན་པོ་བརྒྱད་ཀྱི་གྲས་ཀྱང་ཡིན།  དེ་ནི་ལྷོ་ཕྱོགས་ནས་ཤར་དུ་རྒྱུན་བསྲིངས་ཡོད་ལ།  རི་རྒྱུད་འདི་ནི་གསེར་མཁར་སྒང་ནས་མགོ་བརྩམས་ཏེ་རིམ་པར་རི་ལག་མང་པོ་བྱུང་ཡོད་པ་ལ་བརྟེན་གཙོ་རིའི་ཆ་ནས་གསེར་མཁར་སྒང་རི་རྒྱུད་དུ་འབོད་དོ།  ། རི་རྒྱུད་དེ་ནི་ཚེ་ཏན་ཡུལ་ཚོ་དང་བཀའ་མ་ལོག་ཡུལ་ཚོ་གཉིས་ཀྱི་ནུབ་རྒྱུད་ཀྱི་འདྲེས་མཚམས་སུ་རི་བོ་མཚོ་ཁ་གྲགས་པའི་ལྷོ་ཕྱོགས་ནས་བརྩམས་ཏེ།  ཚེ་ཏན་ཡུལ་ཚོ་བརྒྱུད་ཕྱག་རྡོར་ཐང་གྲོང་རྡལ་གྱི་སའི་འདབས་རོལ་རྨ་ཆུའི་འགྲམ་དུ་མཆིས་པའི་བྲག་དམར་སྣ་ཁ་ཐུག་གི་བར་དུ་ཡོད།  རི་རྒྱུད་སྤྱིའི་རིང་ཚད་ལ་སྤྱི་ལེ15དང་།  མཚོ་ཁའི་རི་བོའི་ཤར་ནས་རི་ལག་གཉིས་བྱུང་ཡོད་པ་གཉིས་ཀའི་རི་རྒྱུན་ལྷོ་ནས་ཤར་དུ་བསྐྱངས་ཡོད་ལ།  རི་ལག་གི་རིང་ཚད་ལ་སྤྱི་ལེ15དང་།  མཚོ་འཕགས་ལ་སྨི2000ཡན་ཡོད་དོ།  ། རི་འདི་དག་གི་ངོས་ཤིན་ཏུ་གཟར་ཞིང་།  ལུང་ཞབས་ཟབ་མོ་ཡོད།  རི་རྒྱུད་འདི་ལ་རི་ལག་འགའ་བྱུང་བའི་ནང་།  རི་མོང་ཁུག་བྱང་རི་བོའི་མཚོ་འཕགས་སྨི2850ཡོད་ལ།  ཚེ་ཏན་རི་བོར་སྨི2095དང་།  ཀྲུའུ་ཀྱཱ་རི་བོར་སྨི2520དང་།  དམར་པོ་རི་ལ་སྨི2307བཅས་ཡོད་དོ།།