མོ་རི་རི་རྒྱུད་ཀྱང་བྱང་ནས་ཤར་དུ་ཕྱོགས་པ་ཞིག་ཡིན་ལ། རི་རྒྱུད་འདི་ཐང་རིང་དགོན་པའི་རྒྱབ་རི་ནས་ལིས་ཨར་པའོ་གྲོང་རྡལ་དང་། དེ་ནས་གསོམ་སྡོང་ཡུལ་ཚོ་དང་སྟར་ཀ་གྲོང་ཡུལ་ཚོ་བརྒྱུད་ནས་ཙོང་ཆུའི་འགྲམ་ངོགས་སུ་ཐོན་ཡོད། རིང་ཚད་ལ་སྤྱི་ལེ27.5ཡོད། མཚོ་འཕགས་སྨི2100ནས2700བར་ཡིན། རི་རྒྱུད་འདིར་ད་རུང་རི་བོ་མཐོན་པོ་ཡོ་ཏུང་མིན་ཙེ་ཙེའོ(窑洞门嘴嘴)ཞེས་པ་མཚོ་འཕགས་སྨི2765ན་དང་ལབ་ཙེ་རི་བོ(敖包山)ཞེས་པ་མཚོ་འཕགས་སྨི2407ཅན། ལོའུ་ཀྱཱ་ལིན(刘家岭)རི་བོ་ཞེས་པ་མཚོ་འཕགས་སྨི2517ཅན། མོ་རི(毛拉山)ཞེས་པ་མཚོ་འཕགས་སྨི2473ཅན། ལ་ཙི་ཧྲན(拉子山)རི་བོ་ཞེས་པ་མཚོ་འཕགས་སྨི2413ཅན་སོགས་ཡོད། རི་རྒྱུད་འདི་ཡང་གཙོ་བོ་ས་སྒང་རི་རྒྱུད་ཡིན་ལ་སྟོད་ཕྱོགས་ཀྱི་རྒྱབ་རི་ན་མ་གཏོགས་རང་བྱུང་ནགས་མེད་ལ། རི་རྒྱུད་འདི་ནི་ཐང་རིང་ལུང་པ་དང་གཡི་དགེ་ལུང་པའི་བར་ན་ཡོད་ལ། རི་རྒྱུད་འདིའི་རི་རྩ་དང་རི་ཁུག་དམའ་ས་དག་ཏུ་སྡེ་གྲོང་མང་པོ་ཆགས་ཡོད།