སྐྱ་མདའ་རི།སྔ་མའི་པར་གཞི་དེ གངས་ཀ་བ། ནས 2023-05-24 17:38ལ་འགྲུབ།
ནོར་ར་སྡེ་བའི་རྒྱབ་རི་ཡིན་ཞིང་མིང་ལ་སྐྱ་མདའ་སྒང་བྱ། དེའི་སྟེང་དུ་ལབ་ཙེ་ཞིག་ཡོད། ལོ་གཅིག་ལ་ཐེངས་གཉིས་སུ་བསྟོད། རྒྱ་ལོའི་ཚེས་བརྒྱད་ལ་ནོར་ར་སྡེ་བ་ཡོངས་ཀྱིས་བསྟོད་པ་དང་། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་སྡེ་བའི་ཁ་མགོ་རྣམས་ཀྱིས་བསྟོད་དོ། ། ལབ་ཙེ་བསྟོད་བྱེད་དུ་ཕོ་ཐོང་དང་མདའ་མདུང་གྲི་གསུམ་ནང་དུ་བཙུགས་པས་བསྟོད་ཅིང་། ད་ལྟ་གཙོ་བོ་མདའ་ཡིས་བསྟོད་པའི་ཕྱོགས་སུ་སོང་ཡོད་པ་སྟེ། ནགས་ལས་སྲུང་སྐྱོབ་ཀྱི་ཆེད་ནགས་གང་འདོད་ལྟར་བཅད་པ་བཀག་ནས། རྟེན་འབྲེལ་དུ་ལབ་ཙེ་ཕྱོགས་བཞི་ལ་གཟུག་རྒྱུའི་ཕོ་ཐུང་བཞི་ཙམ་བཅད་པ་སྡེ་བའི་ཁ་མགོ་རྣམས་ཀྱིས་ཐོག་མར་བཙུགས་རྗེས། གཞན་ཚང་མས་མདའ་ནང་དུ་གསེབ་ནས་བསྟོད་པ་ཡིན་ནོ། ། འདིའི་ཕོ་ཐུང་ཞེས་པ་ཤིང་སྟག་པའི་ར་ལག་ཆུང་ངུའི་རིགས་ལ་ཟེར་རོ།།