ཨ་ཡེ་མཚོ་སྨན་རི་བོ།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-24 17:39ལ་འགྲུབ།

ཨ་ཡེ་མཚོ་སྨན་རི་བོ།

ཨ་ཡེ་མཚོ་སྨན་རིའམ་བཙན་དཔལ་སྒང་བྱ་བ་འདི་ནི། ཚེ་ཏན་ལུང་ཁོག་དང་བཀའ་མ་ལོག་ལུང་ཁོག་མ་ཕམ་ཡུལ་ཚོ་གསུམ་གྱི་ལུང་ཕུག་ཡར་དེད་པའི་འདྲེས་མཚམས་ཀྱི་རི་ཆེས་ཆེ་བ་ཡིན་ཞིང་། མིན་ཧོ་རྫོང་གི་ལྷོ་རྒྱུད་ཀྱི་རི་བོ་རྣམས་ལས་ཆེས་མཐོ་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿姨措曼
མིང་གཞན།
བཙན་དཔལ་སྒང་།
གནས་ཡུལ།
ཚེ་ཏན་ལུང་ཁོག་དང་བཀའ་མ་ལོག་ལུང་ཁོག་མ་ཕམ་ཡུལ་ཚོ་གསུམ་གྱི་ལུང་ཕུག་ཡར་དེད་པའི་འདྲེས་མཚམས་སུ་ཡོད།
1 ​ངོ་སྤྲོད། 

ཨ་ཡེ་མཚོ་སྨན་རིའམ་བཙན་དཔལ་སྒང་བྱ་བ་འདི་ནི།  ཚེ་ཏན་ལུང་ཁོག་དང་བཀའ་མ་ལོག་ལུང་ཁོག་མ་ཕམ་ཡུལ་ཚོ་གསུམ་གྱི་ལུང་ཕུག་ཡར་དེད་པའི་འདྲེས་མཚམས་ཀྱི་རི་ཆེས་ཆེ་བ་ཡིན་ཞིང་།  མིན་ཧོ་རྫོང་གི་ལྷོ་རྒྱུད་ཀྱི་རི་བོ་རྣམས་ལས་ཆེས་མཐོ་བ་དེ་ཡིན་ཞིང་།  རི་བོ་དེའི་མན་ཆད་ནས་རིམ་པར་ཁ་འགའ་མཐིལ་དང་དེ་ནས་རི་གཞན་རྣམས་མས་རིམ་གྱིས་ཐུར་དུ་བསྒྲིགས་ཡོད།  འདིའི་གཞི་བདག་གི་མིང་ལ་ཨ་ཡེ་མཚོ་སྨན་བྱ་ཞིང་མོ་ལྷ་ཞིག་ཡིན་པར་བཤད།  རི་འདི་ནི་མིན་ཧོ་རྫོང་དང་དཔའ་ལུང་ཐ་རྒྱ་ཕྱོགས་གཉིས་ཀས་མཆོད་པར་བྱེད་ལ།  བསང་ཡིག་ཀྱང་མང་པོ་ཡོད།  ནོར་ར་སྡེ་བའི་རྒྱབ་རའི་ལབ་ཙེ་ཡང་གཞི་བདག་མཚོ་སྨན་མཆོད་པའི་རྟེན་མཁར་ཡིན་ཟེར།