མཚོ་ཁའི་ལ་རྒྱུད་རིང་མོ།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-26 08:59ལ་འགྲུབ།

མཚོ་ཁའི་ལ་རྒྱུད་རིང་མོ།

མཚོ་ཁའི་ལ་རྫི་རིང་མོ་ནི་ཚེ་ཏན་ཡུལ་ཚོའི་ནོར་ར་སྡེ་བ་འདིའི་མཚོ་ཁའི་རི་ཞེས་པའི་ལ་བརྒྱུད་ནས་ཡར་རི་སྟེང་དུ་འགོས་ན་ལམ་ཐག་ཧ་ཅང་རིང་བས་མཚོ་ཁའི་ལ་རྫི་རིང་མོ་ཞེས་མིང་ཐོགས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
锁口山坡
གནས་ཡུལ།
ཚེ་ཏན་ཡུལ་ཚོའི་ནོར་ར་སྡེ་བ་འདིའི་མཚོ་ཁའི་རི་ཞེས་པར་ཡོད།
རིང་ཐུང་།
སྤྱི་ལེ20ལྷག་ཡོད།
1 ངོ་སྤྲོད། 

མཚོ་ཁའི་ལ་རྫི་རིང་མོ་ནི་ཚེ་ཏན་ཡུལ་ཚོའི་ནོར་ར་སྡེ་བ་འདིའི་མཚོ་ཁའི་རི་ཞེས་པའི་ལ་བརྒྱུད་ནས་ཡར་རི་སྟེང་དུ་འགོས་ན་ལམ་ཐག་ཧ་ཅང་རིང་བས་མཚོ་ཁའི་ལ་རྫི་རིང་མོ་ཞེས་མིང་ཐོགས་པར་བཤད།  ལམ་གྱི་རིང་ཐུང་ལ་སྤྱི་ལེ20ལྷག་ཡོད།  གཞན་སྡེ་བ་འདི་ནས་ཁཱ་ཏི་ཁ་ཚོ་བར་འགྲོ་དགོས་བྱུང་ན་ངེས་པར་དུ་གཞུང་ལམ་འདི་བརྒྱུད་ནས་འགྲོ་དགོས།  ཁཱ་ཏི་ཁ་ནི་སྡེ་བ་འདིའི་མཆེད་ཁུངས་ཡིན་པར་བཤད།  ལམ་འདིའི་སྟེང་དུ་ཚེ་གཅིག་ལ་འཇིགས་བྱེད་བསྙེན་མཚམས་ལ་བཞུགས་མྱོང་བའི་ངེས་དོན་གྱི་བླ་མ་གྲགས་ཅན་དམར་གཙང་ཚང་སྔོན་ཆད་ལམ་འདི་བརྒྱུད་ནས་ཕེབས་མྱོང་བར་བཤད།