ལེ་ཧོ་མཁར་ལུང་པ།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-26 08:56ལ་འགྲུབ།

ལེ་ཧོ་མཁར་ལུང་པ།

ལུང་པ་འདི་ནི་ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བར་ཡོད། གནས་འདིར་སུང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་མཚམས་འགོག་སྲུང་ཆེད་དུ་བཟོས་པའི་མཁར་རྙིང་ཞིག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
烈火城
ཁོངས་གཏོགས།
ལུང་བ།
གནས་ཡུལ།
ལུང་པ་འདི་ནི་ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བར་ཡོད།
1 ​ངོ་སྤྲོད། 

ལུང་པ་འདི་ནི་ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བར་ཡོད།  གནས་འདིར་སུང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་མཚམས་འགོག་སྲུང་ཆེད་དུ་བཟོས་པའི་མཁར་རྙིང་ཞིག་ཡོད། 

1_1 ངག་རྒྱུན།

ངག་རྒྱུན་དུ་སྔོན་ཕྱག་རྡོར་ཐང་གི་ས་ཆ་འདིར་དབང་སྒྱུར་བྱེད་མཁན་གྱི་རྒྱལ་པོ་བྱམས་སེམས་དང་ལྡན་པ་ཞིག་བྱུང་།  རྒྱལ་པོར་སྲས་མོ་གཉིས་ཡོད།  ཆེ་བའི་མིང་ལ་ཧྲང་དབྱིང་དང་ཆུང་བའི་མིང་ལ་ཏན་དབྱིང་ཟེར།  སོ་སོར་མཁར་ནག་དང་ཀོའུ་ཧྲན་གྲོང་རྡལ་གཉིས་བདག་སྐྱོང་བྱེད་དུ་བཅུག སྲས་མོ་ཆུང་བ་ནི་བློ་མཛངས་ཤིང་ཐབས་ལ་མཁས་པ་ཞིག་ཡིན།  མོས་སྲིད་དོན་ལེགས་པར་བསྐྱངས་ཤིང་འབངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་ནས་དུས་ཡུན་རིང་བོ་མ་ལོན་པར།  སྐབས་དེའི་ཕྱག་རྡོར་ཐང་གི་ནུབ་ཕྱོགས་སུ་འཚོ་བའི་ཐུ་བྷོད་ཀྱི་དམག་དཔུང་སླེབས་ནས་ཉིན་རེར་གཙེས་ནས་རྒྱུ་ནོར་དང་ས་ཆ་མང་པོ་ཤོར།  ཐེངས་འགར་འཐབ་ཀྱང་དོ་ཟླར་མ་ཡོང་།  མོས་བསམ་པར་ཡབ་རྒྱལ་པོའི་མདུན་དུ་སོང་ནས་དགྲ་ལས་རྣམ་པར་རྒྱལ་བྱེད་ནོར་བུ་མེ་ལྕེའི་མདའ་དར་ཞིག་ཡོད་པ་དེ་ཁྱེར་འོང་ནས་ཐུ་བྷོད་ཀྱི་དམག་རྣམས་བཟློག་དགོས་པར་སྙམ།  ཡིན་ནའང་།  ནོར་བུའི་མདའ་དར་དེ་སྲས་མོ་ཆེ་བའི་ཉར་ཚགས་བྱས་ཡོད་པས།  མོ་རང་ཨ་ཅེ་ཡི་གམ་དུ་སོང་ནས་འབངས་རྣམས་སྡུག་བསྔལ་གྱིས་མནར་ཚུལ་དང་ཕྱག་རྡོར་ཐང་གི་ས་ཆ་མང་པོ་ཐུ་བྷོད་ཀྱི་ལག་ཏུ་ཤོར་བའི་རྒྱུ་མཚན་མང་པོ་ཞུས་ཀྱང་།  ཨ་ཅེ་དོན་དེར་ཡི་མ་རངས་བར་ནོར་བུ་རིན་པོ་ཆེ་ནི་རྒྱལ་ཁབ་ཀྱི་གཅེས་ནོར་གལ་ཆེན་ཡིན་པས།  འབངས་མི་སེར་འགའི་རྒྱུ་ནོར་ཙམ་ལེན་ཆེད་དུ་བཀོལ་མི་ཆོག་པར་བཤད་ནས་དོན་དེར་མོས་མཐུན་མ་བྱས།  དོན་དེར་མིང་སྲིང་གཉིས་ཀ་མ་མཐུན་ནས་འཐབ་རེས་ཐེངས་གང་མང་བྱས་ཏེ་མཐར་ནོར་བུའི་མདའ་དར་ཏན་དབྱིང་སྲས་མོའི་ལག་ཏུ་ཐོབ།  མོས་མེ་ལྕེའི་མདའ་དར་མཁར་ནང་དུ་སྦས་ཏེ།  མཁར་མདུན་དུ་སྤར་ཁ་བརྒྱད་ཀྱི་གཡུལ་འཐབ་ཀྱི་གྲབས་བཤམས།  དཀྱིལ་དུ་མེ་ལྕེའི་མདའ་དར་བཙུགས་ནས།  ཐུ་བྷོད་ཀྱི་དམག་རྣམས་མཁར་གྱི་མདུན་བརྒྱུད་ནས་འགྲོ་སྐབས།  མེ་ལྕེ་རབ་ཏུ་མཆེད་པའི་མདའ་དར་འཕྱར་བས་བྷོད་དམག་རྣམས་མེ་ལྕེའི་འོབས་ལས་ཕམ་པར་བྱས་ཏེ་རྒྱུ་ནོར་དང་ས་ཆ་ཚང་མ་ཕྱིར་བླངས་ཟེར།  དེང་སྐབས།  སྔོན་ཏན་དབྱིང་སྲས་མོས་མེ་ལྕེའི་མདའ་དར་སྦ་སྐོང་བྱས་པའི་ལུང་པ་དེར་ལེ་ཧོ་འགག་ཅེས་འབོད་ཀྱིན་ཡོད།  གནས་འདི་ནས་གནའ་ཤུལ་གྱི་དངོས་པོ་མང་པོ་གསར་རྙེད་བྱུང་།