མ་ཎི་རི།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-26 08:56ལ་འགྲུབ།

མ་ཎི་རི།

མ་ཎི་རི་ནི་ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བའི་ལྷོ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛尼山
གནས་ཡུལ།
ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བའི་ལྷོ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་སུ་ཡོད།
ས་ཁམས།
ཏན་ཞའི(丹霞)སའི་ཆགས་དབྱིབས་སུ་གཏོགས།
1 ​ངོ་སྤྲོད་རགས་བསྡུས།

མ་ཎི་རི་ནི་ཕྱག་རྡོར་ཐང་གྲོང་རྡལ་གྱི་པའོ་ཀྱཱ་སྡེ་བའི་ལྷོ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་སུ་ཡོད།  རི་རྩེ་མོ་གཉིས་ཅན་ཞིག་ཡིན།  ངག་རྒྱུན་ལ་རི་རྒྱུད་འདི་གཡུ་འབྲུག་ཅིག་ཡིན་པར་བཤད།  རི་རྩེ་གཉིས་ག་གཡུ་འབྲུག་གི་རྭ་ཅོ་ཡིན།  ལོ་རེའི་རྒྱ་ལོའི་ཚེས་གཅིག་གི་ཉིན་ཡུལ་འདིའི་མི་རྣམས་རི་རྩེར་སོང་ནས་ལྷ་མཆོད་བསང་གཏོང་བྱེད།  རི་འདི་ས་ཁམས་ཆ་ནས་ཏན་ཞའི(丹霞)སའི་ཆགས་དབྱིབས་སུ་གཏོགས།  ལོ་བཅུའི་ཡར་སྔོན་དུ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རི་འདིའི་སྟེང་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཡོད་པ་མ་ཟད།  གླིང་ག་གཏོང་སའི་སྤྱི་གླིང་སོགས་བཟོས་ནས་ལྟ་སྐོར་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།