གསེར་མཁར་སྒང་ངམ་བཙན་དཔལ་སྒང་།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-24 17:29ལ་འགྲུབ།

གསེར་མཁར་སྒང་ངམ་བཙན་དཔལ་སྒང་།

རི་བོ་འདི་ཤིང་རྫོང་ནང་རི་བོར་འདོད་མཁན་ཡང་ཡོད་མོད། དངོས་ཡུལ་དངོས་བརྟག་དཔྱད་སྐབས་རི་ལག་རི་རྒྱུད་དང་བཅས་པ་གང་གི་ཆ་ནས་ཀྱང་གསེར་མཁར་སྒང་ཡིན་པ་ས་དེའི་ཡུལ་མི་རྣམས་ཀྱིས་ཀྱང་ངོས་འཛིན་འཁྲུལ་མེད་བྱས། རི་འདི་ཚེ་ཏན་ཡུལ་ཚོའི་བྱང་ཕྱོགས་དང་ཨ་མྱེས་ར་ལོར་གྲགས་པའི་རི་རྒྱུད་ནས་མར་སོང་བའི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香忠山
གནས་ཡུལ།
རི་འདི་ཚེ་ཏན་ཡུལ་ཚོའི་བྱང་ཕྱོགས་དང་ཨ་མྱེས་ར་ལོར་གྲགས་པའི་རི་རྒྱུད་ནས་མར་སོང་བའི་མཚམས་སུ་ཡོད།
མཚོ་འཕགས།
སྨི3345ཡོད།
མིང་གཞན།
བཙན་དཔལ་སྒང་།
1 ངོ་སྤྲོད་རགས་བསྡུས།

རི་བོ་འདི་ཤིང་རྫོང་ནང་རི་བོར་འདོད་མཁན་ཡང་ཡོད་མོད།  དངོས་ཡུལ་དངོས་བརྟག་དཔྱད་སྐབས་རི་ལག་རི་རྒྱུད་དང་བཅས་པ་གང་གི་ཆ་ནས་ཀྱང་གསེར་མཁར་སྒང་ཡིན་པ་ས་དེའི་ཡུལ་མི་རྣམས་ཀྱིས་ཀྱང་ངོས་འཛིན་འཁྲུལ་མེད་བྱས།  རི་འདི་ཚེ་ཏན་ཡུལ་ཚོའི་བྱང་ཕྱོགས་དང་ཨ་མྱེས་ར་ལོར་གྲགས་པའི་རི་རྒྱུད་ནས་མར་སོང་བའི་མཚམས་སུ་ཡོད།  མིང་གཞན་བཙན་དཔལ་སྒང་དུ་ཡང་འབོད།  མཚོ་འཕགས་སྨི3345ཡིན།  རི་འདི་ལ་ལབ་ཙེ་བརྩིགས་པ་མེད་ཀྱང་།  འདིའི་གཞི་བདག་ཤིན་ཏུ་གཉན་པོར་གསོལ་བས་ཉེ་འཁོར་གྱི་དྷི་ཚ་སྡེ་བ་དང་།  མ་ཕམ་ཡུལ་ཚོ།  བཀའ་མ་ལོག་ཡུལ་ཚོ།  ཚེ་ཏན་ཡུལ་ཚོ་སོགས་ཀྱི་ཡུལ་མི་རྣམས་རང་མོས་ཀྱིས་རི་རྩེར་བསང་འཕུད་དུ་འགྲོ་མཁན་ཤིན་ཏུ་མང་།