གངས་རི།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-24 17:25ལ་འགྲུབ།

གངས་རི།

གངས་རི།
ཁ་བ་བསོགས་ནས་ཆབ་རོམ་ལྟར་ཆགས་པའི་རི་བོའི་མིང་།
1 ལོ་ཙཱ།

རྒྱ་ཡིག 雪山

དབྱིན་ཡིག snow mountain

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཁ་བ་བསོགས་ནས་ཆབ་རོམ་ལྟར་ཆགས་པའི་རི་བོའི་མིང་།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཁ་བའི་རི། 雪山:གངས་རི་ལྷུན་ཆགས་ཅན།  壮丽的雪山。མཐའ་བཞིར་གངས་རི་ཆེན་པོས་བསྐོར། 四周环绕大雪山。མིང་གི་རྣམ་གྲངས་ལ་ཀཻ་ལ་ཤ་དང༌།  ཁ་བའི་རྡུལ་བརྩེགས། ཁ་བའི་རི། ས་འཛིན་དཀར་པོ་བཅས་སོ། །

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ནམ་དུས་བཞི་ལ་ཞུ་རྒྱུ་མེད་པའི་ཁ་བའི་རི་སྟེ། དཔེར་ན། བོད་ཡུལ་སྟོད་སྨད་བར་གསུམ་དུ་གངས་རི་མཐོན་པོ་ཧ་ཅང་མང་པོ་ཡོད་ལྟ་བུ། མིང་གི་རྣམ་གྲངས། ཧི་མཱ་ནཱི། ཁ་བའི་རི། ཁ་བ་རབ་གནས། ཁ་བའི་རྡུལ་བརྩེགས། ཁ་བའི་རི་བོ། གངས་ལྡན། བསིལ་རི། ས་འཛིན་དཀར་པོ།