ཀར་ཚང་སྡེ་བ།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-24 17:37ལ་འགྲུབ།

ཀར་ཚང་སྡེ་བ།

སྡེ་བ་འདི་ནི་ནུབ་ལུང་ཡུལ་ཚོའི་བཱ་ཇོ་དགོན་པའི་འདབས་ཀྱི་རང་བྱུང་སྡེ་བ་ཞིག་ཡིན། སྡེ་བ་འདི་དུས་རབས་སྔོན་མའི་ང་བརྒྱད་ལོ་དང་རིག་གསར་གྱི་སྐབས་སུ་བཱ་ཇོ་དགོན་པ་ནས་གྲྭ་པ་མར་ལོག་ནས་ཁྱིམ་ཚང་བསྐྱངས་པ་ལས་བྱུང་བའི་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白家藏
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ནུབ་ལུང་ཡུལ་ཚོ།
དུད་ཁྱིམ།
60ལྷག་ཡོད།
1 ​ངོ་སྤྲོད། 

སྡེ་བ་འདི་ནི་ནུབ་ལུང་ཡུལ་ཚོའི་བཱ་ཇོ་དགོན་པའི་འདབས་ཀྱི་རང་བྱུང་སྡེ་བ་ཞིག་ཡིན།   སྡེ་བ་འདི་དུས་རབས་སྔོན་མའི་ང་བརྒྱད་ལོ་དང་རིག་གསར་གྱི་སྐབས་སུ་བཱ་ཇོ་དགོན་པ་ནས་གྲྭ་པ་མར་ལོག་ནས་ཁྱིམ་ཚང་བསྐྱངས་པ་ལས་བྱུང་བའི་སྡེ་བ་ཞིག་ཡིན།   ད་ལྟ་ཁྱིམ་ཚང60ལྷག་ཡོད།   ན་གཞོན་ནང་བོད་སྐད་བོད་ཡིག་ཤེས་མཁན་དཀོན་ལ།   རྒན་པའི་གྲས་སུ་ཡང་བོད་སྐད་ཤེས་པ་ལས་བོད་ཡིག་ཤེས་མཁན་དཀོན།   ཁོ་ཚོས་དུས་ཆེན་དང་གཉེན་སྟོན།   ལོ་སར་སོགས་སུ་བོད་ལྭ་གྱོན་ནས་བོད་གླུ་ལེན་པའི་སྲོལ་ད་དུང་མ་ཉམས་པར་ཡོད་ཟེར།   བོད་ལྭར་སྲམ་ལྤགས་ཀྱིས་མཐའ་བརྒྱན་ཅིང་མགོར་ཝ་ཞྭ་གྱོན་པའི་སྲོལ་བསྒྱུར་མེད།   ལོ་གསར་སོགས་སུ་བཱ་ཇོ་དགོན་པས་རྩ་འཛུགས་བྱས་ན་བོད་བྲོ་རུ་ཁག་གིས་བོད་བྲོ་རྩེ་བ་དང་གླུ་དབྱངས་ལེན།   རྫོང་ཐོག་ནས་དགའ་རྟགས་ཀྱང་ཐོབ་མྱོང་ཟེར།  

1_1 རིགས་རུས།

རུས་ལ་རྒྱ་ཡིག་གི “白” ཟེར་བ་དང་།   རུས་དེ་ཅི་ལྟར་བྱུང་བའི་གནས་རྩད་གཅོད་བྱས་མོད།   གསལ་བོ་ཞིག་བཤད་རྒྱུ་མི་འདུག བཤད་ཚུལ་ཞིག་ལ་སྔོན་ཡིག་ཚང་ཀློག་པ་ལས་མདོ་སྨད་ཆོས་འབྱུང་གི་བཱ་ཇོ་དགོན་པའི་སྐབས་སུ།   བཱ་ཇོ་དགོན་བསྟན་པ་དར་རྒྱས་གླིང་ནི་སེ་ཆེན་ཆོས་རྗེ་རྒྱལ་པོའི་འཕྲིན་ལས་པ་སྦྱིན་པ་རྒྱ་མཚོ་ཉི་ཐང་དགོན་འདབས་ཀར་གྱི་རིགས་སུ་འཁྲུངས།   འདི་བར་པཎ་ཆེན་བློ་བཟང་ཆོས་རྒྱན་དང་།   ལྔ་བ་ཆེན་མོ་གཉིས་ཀས་ཇུར་ཆིང་རྒྱལ་པོ་འདི་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོང་འདུག་པས་རང་ཕྱོགས་ཀྱི་སྦྱིན་བདག་ལ་ཨེ་ཁུག་ལྟོས་གསུངས་པ་བཞིན་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོར་མུག་ཏུན་ཏུ་ཕེབས་པ་ཙམ་གྱིས་ཡུལ་ཁམས་བཀྲ་ཤིས་བྱུང་བས་རྒྱལ་པོས་བླ་མཆོད་དུ་བཀུར་ཤིང་སྤྲེལ་ལོ་མཇུག་ཤར་རྒྱལ་པོའི་རྒྱལ་ཁབ་ཆེན་པོར་དུས་འགྱུར་གྱིས་ལིའུ་ཙིས་ཏཱ་མིང་ཁྲུང་ཅིང་རྒྱལ་པོའི་རྒྱལ་ས་བླངས་ཀྱང་འཛིན་རྒྱུ་མ་བྱུང་བར་ཇུར་ཆིང་ལ་ཤོར་ཏེ་མང་བཀུར་རྒྱལ་པོའི་རྒྱལ་སར་ཤུན་ཙི་ཐོག་མར་ཕེབས་པའི་ཉི་སྐར་དུས་ཚོད་སོགས་ལུང་བསྟན།   རྒྱལ་པོ་ལྷན་དུ་པེ་ཅིང་དུ་ཕེབས།   གོང་མ་གསེར་ཁྲིར་བཞུགས་རྗེས་ཆབ་སྲིད་བརྟན་པའི་ཆེད་དུ་ཕོ་བྲང་གི་དབུས་ཀྱི་ཟིན་ཤན་ཟེར་བའི་རིའི་རྩེ་མོར་མཆོད་རྟེན་བཞེངས་པའི་མདུན་དུ་ལྷ་མོ་དང་གདོང་ཅན་གཉིས་ཀྱི་རྟེན་ཐུག་བཙུགས།   དེ་ལྟར་བཀའ་དྲིན་ཆེ་བས་བཀྭན་ཏིང་གི་ལས་ཀ་དང་ཆོས་སྡེ་གསར་བསྐྲུན་ལ་པེན་གནང་།   བྱམས་པ་ཆོས་མཆོག་རྒྱ་མཚོ་གོང་མ་ཁང་ཞིས་བཀུར་ཏེ།   རྒྱལ་པོ་ཉིད་ནས་རྗེ་ཡབ་སྲས་གསུམ་སོགས་རྟེན་གསུམ་འགངས་ཆེན་མང་དུ་ཕུལ།   ཆན་ལུང་གིས་འཇམ་དབྱངས་ལྷུན་གྲུབ་རྒྱ་མཚོ་པ་གདན་དྲངས་ཏེ་མུའུ་ཏུན་དུ་གཞི་རྩ་རབ་རྒྱས་གླིང་བཏབ་ནས་འཆད་ཉན་བཙུགས།   འདི་གསུམ་སྐུ་མཆེད་ཡིན།   ད་ལྟ་ཡང་དཔོན་རྒྱུད་ཀྱིས་བདག་པོ་བྱེད་ཅིང་།  ༧གོང་མ་ན་རིམ་གྱིས་གཟིགས་པ་ཆེ།   ཞེས་སེ་ཆེན་ཆོས་རྗེ་རྒྱལ་པོའི་འཕྲིན་ལས་པ་སྦྱིན་པ་རྒྱ་མཚོ་སྐུ་མཆེད་ཀར་གྱི་རིགས་སུ་འཁྲུངས་པ་དང་ད་ལྟ་ཡང་དཔོན་རྒྱུད་ཀྱིས་འཛིན་བདག་བྱེད་ཅིང་།  གོང་མ་ན་རིམ་གྱིས་གཟིགས་པ་ཆེ་ཞེས་འབྱུང་བས།   སྡེ་བ་འདི་དང་བཱ་ཇོ་ལུང་པའི་རུས"白”རྣམས་ཀྱི་རུས་“白”ནི་ཀར་ལས་བྱུང་བ་ཡིན་པར་འདོད་དོ།   །  ཀར་ཚང་སྡེ་བའི་རྒྱབ་ན་སྒྲོལ་མའི་ལབ་ཙེ་ཞིག་ཡོད་ལ་དགོན་གྲོང་གཉིས་ཀས་ཆབས་ཅིག་ཏུ་བསྟོད་དོ།   །