ཨ་མྱེས་སྒོ་སྲུང་དྲགས་ལྡན་འབར་བའམ་རྫོང་ངེ་རྒྱལ་ལོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-05-25 08:21ལ་འགྲུབ།

ཨ་མྱེས་སྒོ་སྲུང་དྲགས་ལྡན་འབར་བའམ་རྫོང་ངེ་རྒྱལ་ལོ།

ཨ་མྱེས་སྒོ་སྲུང་དྲགས་ལྡན་འབར་བའམ་རྫོང་ངེ་རྒྱལ་ལོ།
ཁོང་ནི་སྤྱི་ལོ1910ལོའི་ཡར་མར་དུ་རྫོང་ངེ་སྡེ་བ་ནས་སྐྱེས་པའི་དཔའ་བོ་ཞིག་ཡིན། རྨ་ཆུ་ལྷོ་བྱང་བརྒྱུད་དུ་མིང་དུ་གྲགས་པའི་མི་སྣ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས་ས་ཁུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང་ཀ་རིང་ཞང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1910ལོའི་ཡར་མར་དུ་རྫོང་ངེ་སྡེ་བ་ནས་སྐྱེས་པའི་དཔའ་བོ་ཞིག་ཡིན། རྨ་ཆུ་ལྷོ་བྱང་བརྒྱུད་དུ་མིང་དུ་གྲགས་པའི་མི་སྣ་ཞིག་ཡིན། སྐབས་དེར་རྫོང་ངེ་རྒྱལ་ལོ་ཟེར་ན་འཐབ་ར་དང་ཇག་ལམ་གྱི་དགྲ་ལྷ་ལྟ་བུ་ཞིག་ཡིན། ང་བརྒྱད་དུས་ཟིང་གི་སྔོན་ཏག་ཏག་ལ་ཤི་རྐྱེན་དུ་གྱུར། རྨ་ལྷོ་བྱང་བརྒྱུད་དུ་རྫོང་ངེ་རྒྱལ་ལོ་ཟེར་ན་མི་ཤེས་མཁན་མེད། གཞི་བདག་འཁོར་དུ་སྐྱེས། སྡེ་བས་རིག་ས་ནས་ལབ་ཙེ་བསྟད་ན་གྱོད་ལ་མི་བཟང་ཟེར་ནས་རི་བོའི་ཕར་ནང་དུ་ལབ་ཙེ་བསྟད། རྗེས་སུ་ནད་དང་གོད་ཁ་བྱུང་བས་ཕྱིར་ངོས་འདིར་བསྟད། སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པ། གཡས་སུ་མདུང་གནམ་ལ་འཕྱར་བ། གཡོན་ནོར་གཞོང་འཛིན་པའོ། །