ཨ་མྱེས་བྲག་དཀར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-05-29 08:14ལ་འགྲུབ།

ཨ་མྱེས་བྲག་དཀར།

ཨ་མྱེས་བྲག་དཀར།
ཁོང་ནི་བྲན་རྫོང་དང་རྫོང་ངེ་སྡེ་བའི་སྐྱེས་ལྷ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿弥者盖
ཁོངས་གཏོགས་ས་ཁུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང་ཀ་རིང་ཞང་།
1 ​ངོ་སྤྲོད།

ཁོང་ནི་བྲན་རྫོང་དང་རྫོང་ངེ་སྡེ་བའི་སྐྱེས་ལྷ་ཡིན། བྲག་དཀར་སྤུན་གསུམ་ཡོད་པ་ནི་བྲག་དཀར་ཀླུ་འབུམ་ཚེ་རིང་། བྲག་དཀར་བཀྲ་ཤིས་དོན་གྲུབ། བྲག་དཀར་རབ་བརྟན་ཐོགས་མེད་བཅས་ཡིན། གཅིག་བྲན་རྫོང་གི་བྲག་དཀར་རབ་བརྟན་ཐོགས་མེད་ཡིན། དཔའ་ལུང་བ་རྒྱའི་ཡར་ཁའི་ཁ་ན་ཡོད། གཅིག་འབའ་ཕྱོགས་ན་ཡོད། རྫ་རི་གསུམ་པོ་ཧ་ཅང་འདྲ་བར་བཤད། ཡང་བཤད་ཚུལ་ལ་རྫོང་བྲན་བྲག་དཀར་དང་། བདུད་ཤུལ་བྲག་དཀར། ལོ་བའི་བྲག་དཀར་གསུམ་ཡིན། མཱ་ཇག་གིས་བྲག་དཀར་ནགས་མེར་བསྲེགས་རྗེས་རྡུལ་ཚང་མ་བླ་བྲང་མདུན་རི་ལ་བབས་པས་ཀུན་མཁྱེན་ཚང་གིས་བཀའ་བཞིན་ལབ་ཙེ་བསྟད། ཐང་ནག་སོགས་ཀྱིས་གཞི་བདག་ཏུ་བསྟེན་ཡོད།