དཔའ་བོ་ཆོས་འཛིན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-05-24 15:49ལ་འགྲུབ།

དཔའ་བོ་ཆོས་འཛིན།

དཔའ་བོ་ཆོས་འཛིན།
ཁོང་ནི་དགེ་བཤེས་ཤིག་སྒོམ་ལོག་ཏུ་སོང་བས་གཞི་བདག་ཏུ་སྐྱེས་ཤིང་། ཨ་ལགས་འགའ་དྭགས་སྐུ་གོང་མ་ཞིག་གིས་ས་སྐྱ་ནས་བསྟན་སྲུང་ཞིག་གི་དགོས་མཁོ་ཞུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
勇武秦曾
ཁོངས་གཏོགས་ས་ཁུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང་ཀ་རིང་ཞང་།
1 ​ངོ་སྤྲོད།

ཁོང་ནི་དགེ་བཤེས་ཤིག་སྒོམ་ལོག་ཏུ་སོང་བས་གཞི་བདག་ཏུ་སྐྱེས་ཤིང་། ཨ་ལགས་འགའ་དྭགས་སྐུ་གོང་མ་ཞིག་གིས་ས་སྐྱ་ནས་བསྟན་སྲུང་ཞིག་གི་དགོས་མཁོ་ཞུས། ས་སྐྱ་རིན་པོ་ཆེས་སང་ཉིན་ཁྱོད་སྲང་ལམ་ལ་སོང་དང་བན་དེ་ཆུང་ཆུང་ཞིག་ཡོད་པ་དེ་འཁྲིད་སོང་གསུངས། དེ་ནས་གདན་འདྲེན་ཞུས། ཐོག་མར་དགོན་པའི་བསྟན་སྲུང་ལ་བཀའ་བཞག དཀོར་གཉེར་ཞིག་གིས་ཁྲོ་བོའི་རྣམ་པ་མཐོང་བས་བཀྲོངས། རྟེན་མི་ལེགས་ཟེར་ནས་དགོན་པ་དང་ཐག་ཉེ་ས་ན་ཕ་ལོང་ཞིག་ཡོད་པ་དེར་གནས་རུ་བཅུག། དེང་སང་དེར་ལབ་ཙེ་བསྟད་ཡོད། སྔོན་ཆད་རྒྱལ་ལོའི་ཚེས་གསུམ་ཉིན་དགོན་པའི་གྲྭ་པ་ཚོས་ལོ་སར་འཁྱེར་བའི་སྲོལ་ཡོད། དེ་རྗེས་ནས་སྡེ་བའི་བསྟན་སྲུང་དུ་གྱུར། སྔོན་ཆད་ཁ་མཆུ་སོགས་མང་པས་ཁྲོ་བོའི་རིགས་སུ་བཞེངས། རིག་གསར་གྱི་རྗེས་སུ་བསང་ལས་གསུངས་པ་ལྟར་ཞི་བའི་ཚུལ་དུ་བཞེངས། ལུས་ལ་ན་བཟའ། ཕྱག་གཉིས་ཀྱིས་ནོར་བུ་དང་བང་ཤིང་འཛིན་པ། དམར་མདངས་བྱུ་རུ་ཅན། ཞོན་པ་གླང་ཆེན་ཡིན་པའི་གྲྭ་པའི་ཚུལ་དུ་ཡོད། བསང་ཡིག་འགའ་དྭགས་ཚང་གིས་གསུངས།