ཨ་མྱེས་ཤྭ་བོའམ་དགེ་བསྙེན་ཆེན་མོ་ཤ་བོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-05-24 15:48ལ་འགྲུབ།

ཨ་མྱེས་ཤྭ་བོའམ་དགེ་བསྙེན་ཆེན་མོ་ཤ་བོ།

ཨ་མྱེས་ཤྭ་བོའམ་དགེ་བསྙེན་ཆེན་མོ་ཤ་བོ།
ཨ་མྱེས་ཤྭ་བོ་ནི་ཀ་རིང་ཡུལ་ཚོའི་བྱང་ཕྱོགས་རྨ་ཆུ་ལུ་མའི་དར་ཁུག་གི་ཤྭ་བོ་རི་རྒྱུད་ཀྱི་རྫ་རི་སྨུག་པོ་ན་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿弥夏武大居士
ཁོངས་གཏོགས་ས་ཁུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང་ཀ་རིང་ཞང་།
1 ངོ་སྤྲོད།

ཨ་མྱེས་ཤྭ་བོ་ནི་ཀ་རིང་ཡུལ་ཚོའི་བྱང་ཕྱོགས་རྨ་ཆུ་ལུ་མའི་དར་ཁུག་གི་ཤྭ་བོ་རི་རྒྱུད་ཀྱི་རྫ་རི་སྨུག་པོ་ན་གནས་ཡོད། བོད་ཚོ་ལྔའི་གཞི་བདག་མཐུ་བོ་ཆེ་དང་ཤུག་རི་སྡེ་བའི་སྐྱེས་ལྷ་ཡིན། ཁོ་བོ་ནི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་སློང་ཨ་ཙུ་ཏའི་ཇ་མ་བྱས་ཏེ་ས་བརྒྱད་པ་ཐོབ་ཡོད། ལྷག་ཏུ་ཁོ་རང་བསྟེན་ན་རིགས་རྒྱུད་སྤེལ་བ་དང་ནད་ཡམས་སོགས་ལ་ཧ་ཅང་ཕན་པས་ས་འདིའི་མིའི་མིང་ལ་ཤྭ་བོ་མང་བ་ཡང་དེའི་དོན་ཡིན། རྨ་ལྷོ་བྱང་རྒྱུད་ཀྱི་བོད་རྒྱ་ཧོར་སོགས་རིགས་མང་པོས་བསྟེན། ཁོང་གི་གནས་ཁང་འགྲམ་ན་རྒྱ་ནག་པའི་འཚམས་ཁང་ཡོད། ཕྱིང་ཞྭ་དཀར་པོ་དང་། ན་བཟའ་དཀར་པོ་གྱོན་པ། རྟ་མཆོག་རག་དཀར། ཕྱག་ཏུ་དར་མདུང་། གཡོན་དུ་མེ་ལོང་འཛིན་པའི་རྣམ་པ་ཡིན། སྡེ་བའི་བཤད་རྒྱུན་དུ་བར་སྐབས་ཤིག་ལ་ཨ་མྱེས་ཤྭ་བོ་དང་ཤུག་རི་སྡེ་བ་གཉིས་མ་མཐུན་པར་ཁོ་རང་ཁྲི་ཀའི་ཕྱོགས་སུ་སོང་། ཨ་ལགས་འགའ་དྭགས་སྐུ་གོང་མ་ཞིག་གི་རིང་ལ་གཟུ་བཤད་དེ་འགྲིག ཧོར་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ཕྱིར་ཕེབས། སྐྱེལ་མ་མང་བས་ལུག་ལྔ་བཤས་ཏེ་མགྲོན་བསུ་བྱས། ལབ་ཙེ་ཇེ་མཐོར་བཏང་སྟེ་ཁྲི་ཀའི་ཁོག་མཐོང་བར་བྱས། ཉེ་བའི་ལོ་འགའི་ཡར་སྔོན་ལ་ཀ་ཅུའི་ཕྱོགས་ཀྱི་ཧོས་རིགས་མང་པོས་ལྷ་ཁང་ཞིག་ཀྱང་བཞེངས་ཡོད། ཤུག་རི། སྟོང་སྐོར། རོང་བོ། རྫོང་བྲན་སོགས་གཙོ་བྱས་ཏེ་བསྟེན། བསང་ཡིག་སྟག་གེ་དོན་ཡོན་རྒྱ་མཚོས་མཛད།