ཨ་མྱེས་སྟག་གདོང་།སྔ་མའི་པར་གཞི་དེ དཔལ་ལྷLhamo ནས 2023-05-24 15:50ལ་འགྲུབ།
ཁོང་ནི་གྱེ་ཐང་སྡེ་བས་བསྟེན། བཤད་རྒྱུན་ལ་ནགས་རྒྱ་རྫོང་སྐེ་རགས་བཅིང་འདྲ་ཡིན། ཆུ་གཙང་མོ་མཆོད་པ་འབུལ་འདྲ། བྱ་ཁུ་བྱུག་གྲགས་སའི་ནགས་ཡོད། སྤྱང་དར་མ་འདུག་སའི་རྫོང་ཡོད། དཔའ་ནོར་ལམ་ན་གྲགས་ཡོད། ཕྱུག་རྫ་ལམ་ན་གྲགས་ཡོད་ཟེར། དྲག་པོའི་རིགས་ཡིན། རུ་དར་བཙན་གསུམ་གྱི་བདག་པོ་ཡིན། ནགས་ཕྱོགས་འཇིག་རྟེན་ལ་མཁས་ཟེར། ས་སྐྱའི་ས་དཀར་གདོང་དྲུག་ནས་མཁན་ཆེན་ཚང་གིས་འཁྲིད་ནས་ཡོང་། ཁོ་རང་ཨུ་ཚུགས་ཆེ་བས་མཁན་ཆེན་ཚང་གིས་བཙན་གྱིས་སྒམ་ལ་བཅུག་ནས་ལ་ཅའི་ཐམ་ཀ་བརྒྱབ། བླ་མའི་བཀའ་བཞག་ཡིན་པས་མི་འགྲོ་མི་ཆོག་ཟེར་ནས་གནས་འདིར་ཐོན་ནས་སྡེ་བ་འདིའི་འཇིག་རྟེན་གྱི་རྟེན་པར་གྱུར། བསང་ཡིག་མཁན་ཆེན་ཚང་གིས་གསུངས།