ཨ་མྱེས་རྭ་ཐོད་བདེ་སྐྱིད་འདོད་འཇོ་སྤུན་གསུམ།སྔ་མའི་པར་གཞི་དེ དཔལ་ལྷLhamo ནས 2023-05-24 15:41ལ་འགྲུབ།
བྲག་དཀར་སྤུན་གསུམ་ཡང་ཟེར་ཞིང་། སྤུན་གསུམ་གྱི་མིང་ནི་བྲག་དཀར་བཀྲ་ཤིས་དོན་འགྲུབ། བྲག་དཀར་རབ་བརྟན་ཐོགས་མེད། བྲག་དཀར་ཀླུ་འབུམ་ཚེ་རིང་། བྲག་དཀར་ཀླུ་འབུམ་ཚེ་རིང་གི་ལབ་ཙེ་ཞིག་རྭ་ཐོད་རི་རྩ་ན་ཡོད་པས་དེ་ལྟར་བཤད། རྭ་ཐོད་སྤུན་གསུམ་ནི་རེ་རེ་བཞིན་མོ་སྨན་རྩིས་གསུམ་ལ་མཁས་ཤིང་། དེ་དག་སོ་སོ་ལ་ཙ་ཀ་ཡོད། གཡས་སུ་མདུང་བཟུང་བ། གཡོན་དུ་ཞགས་པ་བཟུང་བ། རྟ་ར་ར་བཅིབས་པའི་ཞི་བའི་ཚུལ་དུ་བཞེངས་ཡོད། རྭ་ཐོད་སྤུན་གསུམ་ལ་བསྟེན་ན་ཡུལ་གྱི་ཐན་པ་སོགས་ལ་ཤིན་ཏུ་ཕན་ཟེར།