ཅིན་པ་ཐའེ་གནའ་མཁར།སྔ་མའི་པར་གཞི་དེ གངས་ཀ་བ།  ནས 2023-05-24 17:40ལ་འགྲུབ།

ཅིན་པ་ཐའེ་གནའ་མཁར།

ཅིན་པ་ཐའེ་གནའ་མཁར།
ཅིན་པ་ཐའེ་གནའ་མཁར་གྱི་གནའ་ཤུལ་ནི་མཚོ་སྔོན་བྱང་ཤར་རྒྱུད་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མུན་ཡོན་རྫོང་ཁོངས་ཀྱི་བྱང་རྒྱུད་དུ་གནས་ཡོད། ཅིན་པ་ཐའེ་གྲོང་ཚོར་གནས་པས་མིང་ལ་ཡང་ཅིན་པ་ཐའེ་གནའ་མཁར་ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金巴台古城
གནས་ཡུལ།
མཚོ་སྔོན་གྱི་བྱང་ཤར་རྒྱུད།
ཉིལ་ཚད།
ཡོངས་སུ་ཉིལ་པ།
1 གནའ་རྫས་རྟོག་ཞིབ།

ཅིན་པ་ཐའེ་གནའ་མཁར་ནི་མཚོ་སྔོན་ནས་ཀན་སུའུ་ཀྲང་ཡེ་རུ་བསྐྱོད་པའི་ལམ་བར་དུ་གནས་ཤིང་། མཁར་དེའི་ལྷོ་བྱང་གི་རིང་ཚད་ལ་སྨི230དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྨི200ཡོད།    ས་གྱང་རྡུང་སྟེ་འཛུགས་སྐྲུན་བྱས་པ་ཡིན་ལ།    གྱང་གི་མཐོ་ཚད་ལ་སྨི2-3དང་།    རྨང་ཞེང་ལ་སྨི10དང་།    ཀླད་ཀྱི་ཞེང་ཚད་སྨི4དང་།    མཁར་གྱི་མཐུག་ཚད་ལ་ལི་སྨི9-11བཅས་ཡོད།     སྒོ་ཤར་གྱང་གི་དབུས་སུ་ཕྱེ་ཡོད་ལ།    ཞེང་ཚད་ལ་སྨི10ཡོད།     མཁར་ནང་གི་ནུབ་རྒྱུད་དུ་རིང་ཚད་ལ་སྨི40དང་ཞེང་ཚད་ལ་སྨི30ཡོད་པའི་སྟེགས་རྨང་ཞིག་ཡོད།    

2 ལོ་རྒྱུས་འཕེལ་རིམ།

ཅིན་པ་ཐའེ་གནའ་མཁར་སྐྲུན་པའི་ལོ་རབས་ནི་སྤྱི་ལོ663ལོ་ནས་སྤྱི་ལོ738ལོའི་བར་ཡིན་པ་དང་། ད་ལྟའི་བར་ལོ་ངོ1300ཙམ་གྱི་ལོ་རྒྱུས་ལྡན།    རྡོ་མཁར་ཆུང་བ་ནི་དེའི་ཁོངས་གཏོགས་སྒྲིག་བཀོད་ཅིག་ཡིན།     གནའ་མཁར་འདི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་ཚུད་ཡོད།    

ཐང་རྒྱལ་རབས་ཀྱི་དུས་སུ། ཐུ་བྷོད་བསྐྱར་དར་བྱུང་སྟེ། ལུང་སུའུ་ཡི་ཁྲི་ལོ་གསུམ་པར། ཐུ་བྷོད་ཀྱི་དམག་དཔུང་ནུབ་ནས་ཤར་དུ་མདོ་ལ་རི་བོ་ནས་རྨ་ནུབ་ཁྱམས་རིང་དུ་སླེབས་ཏེ་ཐུའུ་ཡོས་ཧོན་ནམ་འ་ཞ་རྩ་མེད་དུ་བཏང་། གུ་མོན་ཀྲོའུ་གཏོར་རྗེས་ཅིན་པ་ཐའེ་རུ“ཐུ་བྷོད་མཁར་གསར”བསྐྲུན། ཁའེ་ཡོན་ཁྲི་ལོའི་དུས་སུ། དར་རྒྱས་ཀྱི་རྩེར་སོན་པའི་ཐང་རྒྱལ་རབས་ཀྱིས་མཚོ་སྔོན་གྱི་ཕྱོགས་ལ་གཞི་རྒྱ་ཆེ་བའི་སྒོ་ནས་དམག་འདྲེན་མགོ་བརྩམས། ཁའེ་ཡོན་ཁྲི་ལོ26པའི་དཔྱིད་ཀར།    ཧྲན་ཀྲོའུ་བདེ་སྲུང་དམག་དཔོན་ཏུའུ་ཞི་ཝང་གིས་ཐང་དམག་གི་སྣེ་ཁྲིད་དེ་མོན་ཡོན་བཙན་བཟུང་བྱས་ཏེ་ཐུ་བྷོད་མཁར་གསར་གཏོར་བ་དང་། མིང་ཝེ་རུང་དམག་གི་དམག་གཏོང་འགོག་སྲུང་ཞེས་པར་བསྒྱུར།  ཐང་གི་ཐེན་པའོ་ཁྲི་ལོའི་སྐབས་ཏེ“ཨན་ཧྲིའི་ཟིང་འཁྲུག”སྐབས། ཐུ་བྷོད་ཀྱིས་སླར་ཡང་མཁར་དེ་བཟུང་།   མཁར་རྒོལ་ས་འཕྲོག་གི་གཡུལ་འགྱེད་ཁྲོད་མཚོ་སྔོན་གྱི་ནམ་མཁར་ཁྲག་དྲི་བྲོ་བའི་ཆར་རླུང་གི་སྤྲིན་ནག་ཅིག་འཐིབས། ཆར་ཟིམ་འདྲ་བའི་རྨིག་སྒྲ་དང་། ཐོག་དང་འདྲ་བའི་གད་རྒྱངས། གང་ཞིག་བླུག་པར་མཚུངས་པའི་ཁྲག་དྲོན་ཁྲོད་དུ། སྙན་ངག་པ་རྣམས་ཀྱིས“ཁྲི་གཤོགས་རྒྱལ་མོའི་ཁ་རུ་གནའ་ནས་བཟུང་། ། རུས་དཀར་སྡུད་མཁན་མེད་པ་མ་མཐོང་ངམ། ། འདྲེ་གསར་སྡུག་ཡུས་འདོན་ཞིང་འདྲེ་རྙིང་ངུ་། ། སྨག་ཆར་ནང་དུ་ཆོ་ངེ་ལྷག་པར་འདོན། །”ཞེས་པའི་སྐྱོ་ལྷང་ལྷང་གི་སྙན་ངག་བྲིས་པ་ཡིན་ལ།    མི་རབས་རྗེས་མར་སྐྱོ་གདུང་དྲག་པོའི་ལོ་རྒྱུས་ཤིག་བཞག་ཡོད།    


དཔྱད་གཞིའི་ཡིག་ཆ།