འཛི་ཁོག་གམ་དམར་དམག་ལུང་པ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-23 10:27ལ་འགྲུབ།

འཛི་ཁོག་གམ་དམར་དམག་ལུང་པ།

འཛི་ཁོག་གམ་དམར་དམག་ལུང་པ།
དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་མ་རྫོང་གི་ཡར་ཐང་ཡུལ་ཚོའི་ཁོངས་ཀྱི་ཡ་འཛི་ཞེས་པའི་ལུང་བ་སྟེ། སའི་གོ་ལའི་ཤར་གྱི་གཞུང་ཚད100°49′35.03″དང་། བྱང་གི་འཕྲེད་ཚད32°46′27.04″ཡི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་ཤར་ལྷོའི་ཕྱོགས་སུ་ལམ་ཐག་སྤྱི་ལེ42ཡས་མས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红军沟
གནས་ཚད།
ཤར་གྱི་གཞུང་ཚད100°49′35.03″དང་། བྱང་གི་འཕྲེད་ཚད32°46′27.04″ཡི་མཚམས་སུ་ཡོད།
རིགས་དབྱེ།
གནའ་ཤུལ།
གནས་ཡུལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་མ་རྫོང་གི་ཡར་ཐང་ཡུལ་ཚོ།
1 ​ངོ་སྤྲོད།

སྔོན་མགོ་ལོག་གིས་མཚོ་སྔོན་གྱི་མཱ་པུའུ་ཧྥང་གི་ལོག་སྤྱོད་དམག་དཔུང་ལ་ཤི་གསོན་གྱི་འཐབ་འཛིང་བྱེད་བཞིན་པའི་སྐབས་ཏེ། སྤྱི་ལོ1936ལ་དམག་སྤྱི་ཀྲུའུ་ཏེ་ཡིས་སྣེ་ཁྲིད་པའི་དམར་དམག་ཉིས་ཁྲི་ལྷག་སི་ཁྲོན་དཀར་མཛེས་ནས་གནས་འདིར་ཕེབས་ཤིང་། ཕལ་ཆེར་ཉིན་ཉི་ཤུ་ལྷག་ལ་བསྡད་རྗེས་ཡ་འཛིའི་ལུང་བ་འདི་བརྒྱུད་ནས་རྔ་བའི་ཕྱོགས་སུ་སོང་བ་དེ་དམར་དམག་བགྲོད་རིམ་གྱི་ཆ་ཤས་ཤིག་ཏུ་གྱུར། སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སྐབས་དེར་ཞིང་ཆེན་བཞིའི་བར་མཚམས་སུ་ཡོད་པའི་མགོ་ལོག་བོད་ཁུལ་བཅིངས་འགྲོལ་བྱེད་པར་ཀྲུང་དབྱང་མི་དམངས་ལས་དོན་བསྐོས་མི་ལྷན་ཁང་གིས་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཏེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མཛུབ་སྟོན་ལྟར་སི་ཁྲོན་དང་། ཀན་སུའུ། ཁམས། མཚོ་སྔོན་བཅས་ཞིང་ཆེན་བཞིའི་མཐའ་མཚམས་ས་ཆའི་བྱ་བའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། 《ཞིང་ཆེན་བཞིའི་མཐའ་མཚམས་ཀྱི་བྱ་བའི་སྐོར་གྱི་བཀོད་སྒྲིག》ཅེས་པ་གྲུབ་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུབ་བྱང་ཅུའུ་དང་ལྷོ་ནུབ་ཅུའུ། མཚོ་སྔོན་དང་སི་ཁྲོན་གྱི་འབྲེལ་ཡོད་བློ་མཐུན་བཀྲ་ཤིས་དབང་ཕྱུག་དང་། བྱ་རྒོད་སྟོབས་ལྡན། ཐེན་པོའམ་སངས་རྒྱས་ཡེ་ཤེས་སོགས་ལ་མགོ་ལོག་བཅིངས་འགྲོལ་བྱེད་པའི་ཐད་ལ་ཁོ་ཚོའི་བསམ་འཆར་བསྡུ་ལེན་བྱས་ཏེ། ཞིང་ཆེན་བཞིའི་དཀྱིལ་དུ་ཡོད་པའི་མགོ་ལོག་ས་ཆར་ཞི་བའི་བཅིངས་འགྲོལ་དང་སྲིད་དབང་འཛུགས་པར་བཀོད་སྒྲིག་བྱས། མཐར་ཀྲུང་དབྱང་གིས་ཐག་བཅད་པ་སྟེ། གཅིག མགོ་ལོག་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་བྱེད་རྒྱུ། གཉིས། ནུབ་བྱང་ཅུའུ་མགོ་ལོག་ལས་དོན་ཨུ་ཡོན་ལྷན་ཁང་དང་མགོ་ལོག་ལས་བྱེད་ཚོགས་པ་འཛུགས་རྒྱུ། གསུམ། མགོ་ལོག་ལ་དམིགས་བསལ་གྱི་སྲིད་ཇུས་ལག་ལེན་བྱེད་རྒྱུ་བཅས་སོ། །དེ་རྗེས་སྤྱི་ལོ1954ལོའི་ཟླ1པོའི་ཚེས1ཉིན་མགོ་ལོག་བཅིངས་འགྲོལ་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དངོས་སུ་བཙུགས་པ་ཡོངས་བསྒྲགས་བྱས་ཤིང་དེ་ནས་བཟུང་སྤྱི་ལོ1958ལོའི་བར་དུ་སྔ་གཞུག་ཏུ་མགོ་ལོག་གི་ས་ཁུལ་ཡོངས་ལ་པདྨ་དང་། གཅིག་སྒྲིལ། དར་ལག དགའ་བདེ། རྨ་ཆེན། རྨ་སྟོད་བཅས་རྫོང་ཁག་དྲུག་བཙུགས་པ་དང་སྔོན་མགོ་ལོག་གི་ཕྱོགས་གཏོགས་ཚོ་བ་འཛི་སྐ་འཛམ་ཐང་དང་རྔ་བ། གསེར་རྟ། མུ་ར། ཕྱག་ཆུང་། ཨ་སྐྱོང་དཔོན་མོ་ཚང་གི་རུ་སྡེ། ད་དུང་མགོ་ལོག་སགེར་ཐལ་ནས་གྱེས་པའི་རྨེ་བ་ཚོ་བ་བཅས་ནི་སི་ཁྲོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། མཚོ་སྔོན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་དང་ཁྲི་འདུ་རྫོང་གི་ཁོངས་སུ་བཅད། དེས་ན། དམར་དམག་ལུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་མགོ་ལོག་ཏུ་དང་པོར་ཕེབས་པའི་ཡིན་པར་མ་ཟད། དེང་སང་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་ཡུལ་སྐོར་གྱི་ས་གནས་སུ་གྱུར་ཡོད། སྤྱི་ལོ1986ལོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲལ་དུ་བཞག་ཅིང་། 2012ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གནས་གཞི་ཡི་མཚན་བྱང་གནང་། སྤྱི་ལོ2013ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་བཅས་ཀྱི་སློབ་གསོ་དང་ལག་ལེན་གྱི་གནས་གཞིར་གཏན་ལ་ཕབ། སྤྱི་ལོ2013ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སློབ་གྲྭའི་མི40ལྷག་གནས་འདིལ་ཕེབས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱངས་ལ། སྤྱི་ལོ2005ལོའི་ཟླ7པར་པདྨ་རྫོང་གི་དམར་དམག་ཡུལ་སྐོར་འགྲེམས་སྟོན་ཁང་ལེགས་འགྲུབ་བྱུང་བའི་ནང་དུ་སྔོན་ཆད་དམར་དམག་གི་ཤུལ་བཞག་དངོས་རྫས་དུ་མ་བཞག་ཅིང་སྐབས་དེའི་རྣམ་པ་རི་མོའི་གཟུགས་སུ་ཕབ་ནས་ཡུལ་སྐོར་ལྗོངས་རྒྱུ་བ་དག་ལ་ཉམས་སུ་མྱོང་བར་བྱེད་པའི་ཆ་རྐྱེན་དུ་བསྐྲུན་ཡོད།

2 གནས་ཡུལ། 

དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་མ་རྫོང་གི་ཡར་ཐང་ཡུལ་ཚོའི་ཁོངས་ཀྱི་ཡ་འཛི་ཞེས་པའི་ལུང་བ་སྟེ། སའི་གོ་ལའི་ཤར་གྱི་གཞུང་ཚད100°49′35.03″དང་། བྱང་གི་འཕྲེད་ཚད32°46′27.04″ཡི་མཚམས་སུ་ཡོད།  པདྨ་རྫོང་མཁར་ནས་ཤར་ལྷོའི་ཕྱོགས་སུ་ལམ་ཐག་སྤྱི་ལེ42ཡས་མས་ཡོད།