ཡུང་ཨན་གནའ་མཁར་ནི་འཇུ་ལག་རྫོང་མཁར་གྱི་ནུབ་ལྷོའི་ཕྱོགས་ཀྱི་སྤྱི་ལེ50མཚམས་སུ་ཡོད། གནའ་མཁར་འདི་སྤྱི་ལོ1725ལོ་བསྐྲུན་འགོ་བརྩམས་པ་སྟེ་ལོ་དེ་ནི་ཆིན་ཆེན་མོའི་ཡུང་ཀྲིན་ཁྲི་ལོ་གསུམ་པ་ཡིན། བཞེངས་མཁན་ནི་ཆིན་རྒྱལ་རབས་ཀྱི་གྲགས་ཆེ་བའི་དམག་སྤྱི་ཆེན་མོ་ཉན་ཀིན་ཡོ་ཡིན་པར་གྲགས། ནུབ་བྱང་ས་མཚམས་བདེ་འཇགས་དང་ནུབ་ཕྱོགས་ཀྱི་ཚོང་ལམ་འཁྲུག་པོ་མི་ཡོང་བའི་ཆེད་དུ་མཚོ་སྔོན་དང་ཀན་སུའུ་ཡི་འགག་སྒོ་མཁར་འདིར་བཞེངས། གནའ་མཁར་འདིའི་ལྷོ་བྱང་ལ་སྨི438དང་ཤར་ནུབ་ལ་སྨི353ཡོད། མཁར་གྱི་མཐོ་ཚད་ལ་སྨི7.3ཡོད་ཅིང་མཐུག་ཚད་ལ་སྨི6.7ཡོད། ཞེང་ལ་སྨི4.3ཡོད། ཕྱི་སྒོའི་ཞེང་ལ་སྨི5ཡོད་པ་དང་མཐུག་ཚད་ལ་སྨི10ཡོད། མཁར་རྩེའི་ཞེང་ལ་སྨི4ཡོད། མིན་གོ་སྲིད་ལོ་བཅོ་བརྒྱད་པ་སྟེ་སྤྱི་ལོ1928ལོར། མི་གཞན་གྱིས(ཀ་སི་ལིན)尕司令དུ་འབོད་པའི་མཱ་ཀྲུང་ཡིན(马仲英)གྱིས་ཧི་ཀྲིག་ལེན་པའི་དམག་ཕམ་ནས་བྲོས་ཞོལ་དུ་མཁར་འདིར་ཐོན་སྟེ་བསད་འཕྲོག་བཅོམ་གསུམ་བྱས་ནས་ལོ་ངོ་བརྒྱ་ཕྲག་འགར་དར་རྒྱས་ཆེ་བའི་གནའ་མཁར་ཚོང་ར་འདི་མཁར་སྟོང་དུ་བཏང་།