ཐུན་རྔ་ཐོག་ཐང་།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:40ལ་འགྲུབ།

ཐུན་རྔ་ཐོག་ཐང་།

ཐུན་རྔ་ཐོག་ཐང་།
ཐུན་རྔ་ཐོག་ཁང་ནི་བེ་ཙེ་གྲོང་རྡལ་གྱི་སྲང་ལམ་བཞི་མདོར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鼓楼
གནས་ཡུལ།
ཐུན་རྔ་ཐོག་ཁང་ནི་བེ་ཙེ་གྲོང་རྡལ་གྱི་སྲང་ལམ་བཞི་མདོར་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
བཙུགས་ལོ།
སྤྱི་ལོ1624ལོར་ཐོག་མར་བཞེངས།
1 ངོ་སྤྲོད་མདོར་བསྡུས། 

ཐུན་རྔ་ཐོག་ཁང་ནི་བེ་ཙེ་གྲོང་རྡལ་གྱི་སྲང་ལམ་བཞི་མདོར་ཆགས་ཡོད། ལོ་རྒྱུས་ཡིག་ཚང་ལྟར་ན། སྤྱི་ལོ1624ལོར་ཐོག་མར་བཞེངས། ཆིང་ཐུང་ཀྲིའི་དུས་སྐབས་སུ་དམག་གིས་འཇིག་ཀྱང་། ཕྱིས་བསྐྱར་དུ་བཞེངས། ཐུན་རྔའི་ཐོག་ཁང་འདི་རྒྱུ་ཤིང་ལས་བྱས་པའི་རྩེག་རིམ་པ་གསུམ་ཅན་གྱི་བཟོ་བཀོད་ཅིག་ཡིན། དེ་ཡི་མཐོ་ཚད་སྨི14.9དང་། ཆེ་ཆུང་ལ་སྨི་གྲུ་བཞི་མ160ཡོད། ཁང་པའི་སྒོ་དང་སྒེའུ་ཁུང་། བྱ་འདབ་ཀྱི་ཀ་བ་སོགས་སྤུས་ལེགས་པའི་བརྐོས་རིས་དང་མཚོན་རིས་ཁོ་ན་ཡིན། ཐོག་ཁང་ཧྲིལ་བོ་རྔམ་ཞིང་བརྗིད་ཆགས་པ། མཛེས་ཉམས་བཏོད་ཅིང་ཟིལ་ཤུགས་རྣམ་པར་མངོན་པ་ཞིག་ཡིན། སྤྱི་ལོ1986ལོར། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས་ཡོད་པར་མ་ཟད། ད་ལྟ་ཧུའུ་ཀྲུའུ་རྫོང་གི་རྟགས་མཚོན་ཉག་གཅིག་ཏུ་གྱུར་ཡོད། སྤྱིར་བཏང་དུ་རྔ་དང་ཅོང་ནི་རོལ་ཆས་ཀྱི་རིགས་ཤིག་ཡིན་ལ། ཕྱིས་དུས་ཀྱི་ཐུན་བརྡ་གཏོང་བྱེད་ཅིག་ཏུ་གྱུར་ཡོད། རྒྱའི་ལོ་རྒྱུས་ཡིག་ཚང་ལྟར་ན། ཧན་རྒྱལ་རབས་ནས་བཟུང་། ཞོགས་པའི་སྐྱ་རེངས་རྔ་ཆེན་སྒྲ་ཡིས་སེལ༎ མཚན་མོའི་ངལ་གསོ་ཅོང་ཆུང་དཀྲོལ་བས་བསྟན”ཞེས་པ་ལྟར། རྔ་རྡུང་བ་དང་ཅོང་དཀྲོལ་བ་ལས་དུས་ཀྱི་སྔ་ཐུན་དང་ཕྱི་ཐུན་གྱི་བརྡ་གཏོང་བའི་སྲོལ་ཆགས་ཡོད། དེ་བས་མཁར་དང་གྲོང་རྡལ་གྱི་དབུས་ནི་མི་མང་པོ་འདུ་འཚོགས་བྱེད་གནས་ཡིན་པས། སྤྱིར་བཏང་དུ་རྔ་ནི་གྲོང་རྡལ་བཞི་མདོ་དང་འདུས་མདོ། དཀྱིལ་དབུས་མི་མང་འདུས་སར་ཡོད། ཐང་རྒྱལ་རབས་ནས་བཟུང་། རྒྱལ་ས་སོགས་གྲོང་ཁྱེར་ཆེན་པོར་དུས་ཀྱི་ཐུན་བརྡ་གཏོང་བའི་རྔ་དང་ཅོང་གི་ཐོག་ཁང་རྩེག་མ་བཟོ་སྲོལ་ཆེས་ཆེར་དར་རྒྱས་བྱུང་ཞིང་། དེ་ནི་དུས་ཀྱི་ཐུན་སྟོན་བྱེད་ས་ཡིན་པས་ན། ཅོང་ཅན་གྱི་ཐོག་ཁང་ལ་ཐུན་ཅོང་ཐོག་ཁང་དང་། རྔ་ཅན་གྱི་ཐོག་ཁང་ལ་ཐུན་རྔ་ཐོག་ཁང་དུ་འབོད། ཕྱིས་སུ་གྱོད་གཏུག་བྱེད་པའི་དུས་སུ་ཐུན་རྔ་ཐོག་ཁང་གི་རྔ་རྡུང་བའི་སྲོལ་ཡང་ཡོད།