མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:40ལ་འགྲུབ།

མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ།

མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ།
བོའུ་ཧྥིན་གྲོང་རྡལ་གྱི་རྟ་ར་ཞོལ་མ་སྡེ་བར་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ་དུ་བཤད་པའི་གྱང་གི་ཤུལ་རལ་ཞིག་ཡོད། ཡོངས་གྲགས་སུ་ལྕགས་རི་འདི་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་བྱང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་འགོག་པའི་ཆེད་དུ་བརྩིགས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明长城遗址
གནས་ཡུལ།
བོའུ་ཧྥིན་གྲོང་རྡལ་གྱི་རྟ་ར་ཞོལ་མ་སྡེ་བར་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ​ངོ་སྤྲོད་མདོར་བསྡུས། 

བོའུ་ཧྥིན་གྲོང་རྡལ་གྱི་རྟ་ར་ཞོལ་མ་སྡེ་བར་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ་དུ་བཤད་པའི་གྱང་གི་ཤུལ་རལ་ཞིག་ཡོད། ཡོངས་གྲགས་སུ་ལྕགས་རི་འདི་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་བྱང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་འགོག་པའི་ཆེད་དུ་བརྩིགས་པར་བཤད། ཧུའུ་ཀྲུའུ་རྫོང་གི་མིང་རྒྱལ་རབས་ཀྱི་ལྕགས་རི་ནི་རྟ་ཐང་རྫོང་ནས་མགོ་བརྩམས་ཏེ། ཆུ་བཟང་རྭ་ལོ་ཐང་གསེར་འགག་ལུང་པ་དང་ལུང་ཕྲན་ཡུལ་ཚོ། དེ་ནས་བོའུ་ཧྥིན་གྲོང་རྡལ་གྱི་རྟ་ར་ཞོལ་མ་བརྒྱུད་དེ་ཤར་ནུབ་ཕྱོགས་སུ་འདྲེས་ཡོད་པར་བཤད། མཁར་གྱང་འདི་དག་ས་ཡིས་བརྩིགས་པ་ཡིན་པས། ལོ་ངོ་མང་པོར་ཆར་རླུང་གིས་གཙེས་པས་ད་ལྟ་གནའ་ཤུལ་ཙམ་ལས་ཕལ་ཆེར་ཉམས་ཉེས་སུ་ཕྱིན་ཡོད།