ལྕང་སྐྱ་ཀླུ་རྒན་ལྷ་ཁང་།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:39ལ་འགྲུབ།

ལྕང་སྐྱ་ཀླུ་རྒན་ལྷ་ཁང་།

ལྕང་སྐྱ་ཀླུ་རྒན་ལྷ་ཁང་ནི་བྲག་དམར་ལུང་པ་ཡུལ་ཚོའི་ལྕང་སྐྱ་དགོན་གྱི་མདུན་ཕྱོགས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张家龙王庙
གནས་ཡུལ།
ལྕང་སྐྱ་ཀླུ་རྒན་ལྷ་ཁང་ནི་བྲག་དམར་ལུང་པ་ཡུལ་ཚོའི་ལྕང་སྐྱ་དགོན་གྱི་མདུན་ཕྱོགས་སུ་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

བྲག་དམར་ལུང་པ་ཡུལ་ཚོའི་ལྕང་སྐྱ་དགོན་གྱི་མདུན་ཕྱོགས་སུ་ཀླུ་རྒན་ལྷ་ཁང་བཞེངས་ཡོད། སྡེ་མི་རྣམས་ཀྱིས་ཀླུ་ཁང་དུ་འབོད། ཀླུ་ཁང་འདི་ང་བརྒྱད་སྐབས་སུ་འབྲུ་མཛོད་དུ་བྱས་པས། ལྷ་ཁང་གི་ལོགས་གཉིས་སུ་སྔར་གྱི་ལྡེབས་རིས་རྙིང་པ་དེ་ཅུང་ཆ་ཚང་གིས་ཉར་ཚགས་བྱས་ཡོད། ལྡེབས་རིས་ནང་དོན་ཅི་ཡིན་གྱི་སྡེ་བའི་རྒན་པ་ཚོས་ཀྱང་བཤད་མི་ནུས། ཕལ་ཆེར་ཀླུ་རྒྱལ་གྱིས་སྡེ་མི་རྣམས་ལ་ཆར་ཆུ་དང་ལོ་ལེགས་སྩོལ་བ་སོགས་ཀྱི་ནང་དོན་ཡིན་པ་འདྲ། ཀླུ་ཁང་གི་རྟེན་གཙོ་བོ་དེ་དབུས་ཀྱི་རྟེན་ལྕགས་མདའ་ཡིན་པའི་གནས་བདག་པེ་ཧར་རྒྱལ་པོ་ཡིན། གཡས་གཡོན་དུ་སེང་མཐོ་དང་གླུ་རྒན་གྱི་འཇིམ་སྐུ་དང་འགྱོགས་བྱམས་སུ་བཞུགས་ཡོད།