སྒོང་རྒྱག་དུས་སྟོན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:39ལ་འགྲུབ།

སྒོང་རྒྱག་དུས་སྟོན།

སྒོང་རྒྱག་དུས་སྟོན་ནི་ལོ་རེ་རེའི་ལུགས་རྙིང་གི་ཟླ3པའི་ཚེས18ཉིན་ལ། སོག་པོ་ཐང་དང་སོག་པོ་ལུང་པ་སྡེ་བ་གཉིས་ཀྱིས་སྤེལ་བའི་སྒོང་རྒྱག་དུས་སྟོན་ཞེས་པའི་དུས་སྟོན་ཐུན་མོང་མ་ཡིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鸡蛋会
རིགས་དབྱེ།
དུས་སྟོན།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ​ངོ་སྤྲོད་མདོར་བསྡུས། 

འདན་མ་གྲོང་རྡལ་གྱི་སོག་པོ་ཐང་དང་སོག་པོ་ལུང་པ་གཉིས་སྔར་སྡེ་བ་གཅིག་ཡིན་ལ། ཕྱིས་སུ་སོ་སོར་ཕྱེ་པ་ཞིག་ཡིན་པས་སྡེ་བ་གཉིས་ཀྱི་དུས་སྟོན་དང་དམངས་སྲོལ། ཆོས་ལུགས་ཀྱི་ཆོ་ག་སོགས་གཅིག་ཏུ་གནས། ལོ་རེ་རེའི་ལུགས་རྙིང་གི་ཟླ3པའི་ཚེས18ཉིན་ལ། སོག་པོ་ཐང་དང་སོག་པོ་ལུང་པ་སྡེ་བ་གཉིས་ལ་སྒོང་རྒྱག་དུས་སྟོན་ཞེས་པའི་དུས་སྟོན་ཐུན་མོང་མ་ཡིན་པ་ཞིག་ཡོད། ཉིན་འདིར་སྡེ་བའི་ཕོ་མོ་རྒན་གཞོན་རྣམས་ཀྱིས་སྒོ་ང་བཙོས་མ་རེ་ཁྱེར་ནས་ཕན་ཚུན་ལ་ཐུག་རྒྱག་རེས་བྱེད། སུ་ཞིག་གི་སྒོ་ང་ཆག་པ་ནི་ཕམ་པར་བརྩི། ཕམ་མཁན་གྱིས་རང་གི་སྒོ་ང་དེ་རྒྱལ་ཁ་བླངས་པ་དེ་ལ་སྟེར་དགོས། ངག་རྒྱུན་ལྟར་ན་འདི་ནི་ཆར་བ་འགོག་བའི་ཆོ་ག་ཞིག་ཡིན་པར་བཤད། སྡེ་མི་རྣམས་ཀྱིས་སྒོ་ང་བཙོས་མ་ཐུག་བརྒྱབ་སྟེ་སྒོང་ཤུན་མང་པོ་སར་འཕངས་རྗེས། ཀླུ་མོས་བལྟས་མ་ཐག་ཏུ་གནས་འདིར་སེར་བ་བབས་ཟིན་འདོད་ནས་སེར་བས་གནོད་མི་བྱེད་པར་བཤད། སྔར་ཡིན་ན་དུས་སྟོན་འདིའི་རྗེས་སུ་ནོར་ལུག་དག་ར་ལས་ཕྱིར་གཏོང་བ་དང་ས་རྐོ་རྡོ་སློག་གི་ལས་བྱེད་པ། འཁོན་འཛིང་བྱེད་པ་སོགས་ལ་འཛེམས།