ལྷ་ཁང་ཐང་གི་བོན་དགོན་གནའ་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 08:41ལ་འགྲུབ།

ལྷ་ཁང་ཐང་གི་བོན་དགོན་གནའ་ཤུལ།

ལྷ་ཁང་ཐང་གི་བོན་དགོན་གནའ་ཤུལ་ནི་རྒྱ་ཏིག་གྲོང་རྡལ་ཟམ་ཁ་སྡེ་བར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苯教寺遗址
གནས་ཡུལ།
རྒྱ་ཏིག་གྲོང་རྡལ་ཟམ་ཁ་སྡེ་བར་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ​ངོ་སྤྲོད་མདོར་བསྡུས། 

རྒྱ་ཏིག་གྲོང་རྡལ་ཟམ་ཁ་སྡེ་བ་འདིར་ལྷ་ཁང་ཐང་ཞེས་པའི་ས་མིང་ཞིག་ཡོད། དེ་ནི་གཡུང་དྲུང་བོན་གྱི་དགོན་ཤུལ་ཞིག་ཡིན། དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཐུགས་སྲས་སྟོང་ཉིད་རྟོགས་པའི་གྲུབ་ཆེན་བཞིའི་ནང་ཚན་བསམ་བློ་བ་འདན་མ་ཚུལ་ཁྲིམས་རྒྱ་མཚོས་འཇུ་ལག་རྒྱུད་ཀྱི་མཆོད་རྟེན་ཐང་དགོན་དང་ཀན་ཆེན་དགོན་ཐེག་ཆེན་ཐར་བ་གླིང་ཕྱག་བཏབ་པ་ནས་བཟུང་། ཡུལ་སྡེ་འདི་རིམ་གྱིས་དགེ་ལུགས་པའི་ལྷ་སྡེར་གྱུར་ཅིང་། བོན་དགོན་རིམ་གྱིས་འཇིག་པར་གྱུར། ད་ལྟ་བོན་དགོན་འདིའི་ཤུལ་ཙམ་ཡང་མེད་པས། རྒྱུ་མཚན་གསལ་བོ་རྩད་ཞིབ་བྱེད་ཁག་པོ་འདུག 《མདོ་སྨད་ཆོས་འབྱུང〉ལས། སྔར་ས་འདི་དམུ་རྒོད་ཅིང་ལྟ་ལོག་གིས་མུན་པ་རུབ་པ་ལྟ་བུར་ཡོད་པར། རྒྱལ་དབང་བསོད་ནམས་རྒྱ་མཚོ་ཕེབས་ནས་བྱིན་གྱིས་བརླབས་པས་ཆོས་ཀྱི་སྣང་བ་རྒྱས་ཞེས་འཁོད་པར་གཞིགས་ན། སྔར་འཇུ་ལག་ཆུ་བོའི་རྒྱུད་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་ཆེ་བ་ཤེས་ནུས། རྒན་པ་ཚོས་གནས་དེར་དགོན་པའི་ཀ་རྡོ་མཐོང་མྱོང་ཟེར། དགོན་ཤུལ་དེར་མཆོད་རྟེན་ཞིག་ཡོད་པ་ང་བརྒྱད་ལོར་རྩ་མེད་དུ་བཟོས། ངག་རྒྱུན་ལ། མཆོད་རྟེན་འདི་འཇིག་ན་མཆོད་རྟེན་ཐང་དགོན་པའང་ཉམས་འགྲོ་བའི་བཤད་པ་ནང་བཞིན། ལོ་དེར་མཆོད་རྟེན་ཐང་དགོན་པའི་རྟེན་དང་བརྟེན་པ་ཅི་རིགས་མེད་པར་བཏང་།