ཇུ་ཝར་དགོན་དང་ཧྥུ་རིག་དགོན་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 08:41ལ་འགྲུབ།

ཇུ་ཝར་དགོན་དང་ཧྥུ་རིག་དགོན་ཤུལ།

དབུས་ཤུལ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ4མཚམས་ཀྱི་དབུས་ཤུལ་སྡེ་བར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上宫堡、下宫堡遗址
གནས་ཡུལ།
དབུས་ཤུལ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ4མཚམས་ཀྱི་དབུས་ཤུལ་སྡེ་བར་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

དབུས་ཤུལ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ4མཚམས་སུ་དབུས་ཤུལ་སྡེ་བ་ཆགས་ཡོད། སྡེ་བའི་ཧོར་སྐྱོང་ཚོ་བར་མིང་རྒྱལ་རབས་ཀྱི་དུས་སུ་བསྐྲུན་པར་གྲགས་པའི་མཁར་རྙིང་གཉིས་ཀྱི་ཤུལ་ཡོད། མཁར་གོང་མ་ལ་ཧོར་སྐད་དུ་ཇུ་ཝར་དགོན་དང་རྒྱ་སྐད་དུ“上宫堡” ཞེས་འབོད་ལ། མཁར་དབྱིབས་གྲུ་བཞི་ནར་མོ་ཡིན་ལ། རིང་ཚད་ལ་སྨི22ཙམ་ཡོད། ནུབ་བྱང་གཉིས་ཀྱི་མཁར་གྱང་གི་ཤུལ་ད་ལྟའང་གསལ་བོར་མཐོང་ཐུབ། མཁར་ཞོལ་མ་ལ་ཧོར་སྐད་དུ་ཧྲུ་རིག་དགོན་དང་རྒྱ་སྐད་དུ“下宫堡”ཞེས་འབོད་ལ། ལྷོ་བྱང་གི་རིང་ཚད་སྨི45དང་། ཤར་བྱང་གི་རིང་ཚད་ལ་སྨི35ཡོད།