ཆག་ནང་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2023-05-29 09:02ལ་འགྲུབ།
སྡེ་བ་འདི་རྒྱབ་རི་ཕྱུག་པོ་རིའི་འདབས་རོལ་དུ་ཆགས་ཤིང་། ས་ནེམ་པོ་ཡུལ་ཚོ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ1ལྷག་གི་མཚམས་སུ་ཡོད། མཚོ་འཕགས་སྨི2020ཡོད། གོ་ལའི་གཞུང་ཐིག102.6.39དང་། འཕྲེད་ཐིག36.0.21སྟེད་དུ་གནས། སྡེ་བ་འདི་རུ་མཁར་རོ་ཞིག་ཡོད་པ་དེར་བརྟེན་ནས་མཁར་ཆག་ནང་ངམ་ཆག་ནང་ཞེས་སྡེ་མིང་དུ་ཐོགས། རྒྱབ་རི་དེའི་དབྱིབས་ནི་འབྲུག་ཅིག་གི་ཚུལ་དུ་ཡོད་སྐད་ལ། དེ་མིན་ཡུལ་ཁམས་ཧྲིལ་བོ་ས་དཔྱད་ལེགས་པས། དཔལ་ལྡན་བྱ་ཁྱུང་གི་མཁན་པོ་དང་ཨ་ལགས་བསང་འགངས་སོགས་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་སའི་གནས་མཆོག་ཏུ་བཤད། སྡེ་འདིར་གྱན་གསུམ་ཅན་གྱི་མ་ཎི་ཁང་ཞིག་ཡོད་པ་དེ་ནི་སྡེ་བ་ཐུན་མོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་ཕྱག་བསྐོར་ཚོགས་གསོག་བྱེད་ས་ཡིན། གཞན་རྒན་པོ་ཨོ་རྒྱན་རིག་འཛིན་སོགས་དཔའ་བོའང་མང་པོ་ཞིག་སྐྱེས་མྱོང་ལ། ཁ་སྒང་དགོན་པའི་ལྷ་སྡེ་ཡིན། ད་ལྟ་སྡེ་འདིར་ཁྱིམ་ཚང30ཡས་མས་དང་། མི་གྲངས140ཡོད།