གུང་སྐྱ་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:59ལ་འགྲུབ།

གུང་སྐྱ་སྡེ་བ།

སྡེ་བ་འདི་ནི་ཀ་མདོ་གདོང་དམར་སྣའི་དགོན་པའི་རྒྱབ་རི་སྟེ་ས་དམར་རི་རྒྱུད་དེའི་གཡོན་ངོགས་སུ་ཆགས་ཡོད་ལ། ཀ་མདོ་གྲོང་རྡལ་ནས་སྤྱི་ལེ7ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2000ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག102.1820བྱང་གི་འཕྲེད་ཐིག35.57.10སྟེང་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工什加村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
མཚོ་འཕགས།
སྨི2000ཡོད།
1 ངོ་སྤྲོད།

སྡེ་བ་འདི་ནི་ཀ་མདོ་གདོང་དམར་སྣའི་དགོན་པའི་རྒྱབ་རི་སྟེ་ས་དམར་རི་རྒྱུད་དེའི་གཡོན་ངོགས་སུ་ཆགས་ཡོད་ལ། ཀ་མདོ་གྲོང་རྡལ་ནས་སྤྱི་ལེ7ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2000ཡོད། སའི་གོ་ལའི་ཤར་གྱི་གཞུང་ཐིག102.1820བྱང་གི་འཕྲེད་ཐིག35.57.10སྟེང་དུ་གནས་ཡོད། སྡེ་འདིའི་གཡོན་སྟོད་ཀྱི་ཁ་གཏད་ན་ལེབ་རྒྱ་སྡེ་བ་ཡོད་ལ། འབྲོང་ལུང་སྡེ་བ་དང་ཁྱིམ་མཚེས་སུ་ཆགས་ཡོད། དེང་ཐོག་བོད་ཁྱིམ5ཙམ་ལས་མེད་ཟེར་ཡང་ད་ལྟ་ཁྱིམ་ཚང30ལ་འཕེལ་འདུག གདོང་དམར་སྣའི་དགོན་པའི་ལྷ་སྡེ་ཡིན། གཞན་རྒྱ་རིགས་ཁྱིམ་ཚང15དང་ཧོས་རིགས་ཁྱིམ་ཚང48ཡོད་པ་དག་བསྡོམས་ན་ཁྱིམ་ཚང93ཡོད་པ་ལས་བོད་རིགས140ལས་མེད། སྡེ་དཀྱིལ་དུ་གྱན་གསུམ་ཅན་གྱི་མ་ཎི་ཁང་ཞིག་ཡོད་ལ། དེར་བཀའ་བསྟན་སོགས་སྐུ་གསུང་ཐུགས་རྟེན་ཡང་བཞུགས་ཡོད།