གླིང་ཚང་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:39ལ་འགྲུབ།

གླིང་ཚང་དགོན་པ།

​དགོན་པ་འདི་ནི་མིན་ཧོ་རྫོང་གི་ལྷོ་ཕྱོགས་མཛོ་མོ་མཁར་ལུང་པའི་ཕུ་ཡི་ཉིན་ཕྱོགས་ཀྱི་བདེ་ཁུག་ཅིག་ཏུ་ཆགས་ཡོད། དགོན་པ་འདི་ཡང་མཁར་གྱི་ནང་དུ་ཡོད་ལ་ད་ལྟ་མཁར་གྱི་ལྕགས་རི་ཞིག་རལ་དུ་སོང་ཡོད་མོད་མཐུག་ཚད་དང་མཐོ་ཚད་སོགས་མཛོ་མོ་མཁར་སོགས་ལས་ཆུང་བ་ཤེས་ཐུབ། མིན་ཧོ་རྫོང་མཱ་ཡང་གྲོང་རྡལ(马营镇)གྱི་མཱ་ཡང་སྡེ་བའི་ཁོངས་སུ་ཡོད་པ་དང་། རྒན་པོ་ཚོས་བཤད་པ་ལྟར་ན། སྔོན་ཆད་དགོན་པ་འདི་ཟི་ཨར་གྲོང(寺儿庄) སྟེ་ད་ལྟའི་ཀྲོང་ཅའོ་སྡེ་བར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
灵藏寺
བཞེངས་མཁན།
ཤཱཀྱ་ཡེ་ཤེས་བྱམས་ཆེན་ཆོས་རྗེ།
གནས་ཡུལ།
མིན་ཧོ་རྫོང་མཱ་ཡང་གྲོང་རྡལ་གྱི་མཱ་ཡང་སྡེ་བ།
1 ངོ་སྤྲོད།

དགོན་པ་འདི་ནི་མིན་ཧོ་རྫོང་གི་ལྷོ་ཕྱོགས་མཛོ་མོ་མཁར་ལུང་པའི་ཕུ་ཡི་ཉིན་ཕྱོགས་ཀྱི་བདེ་ཁུག་ཅིག་ཏུ་ཆགས་ཡོད། དགོན་པ་འདི་ཡང་མཁར་གྱི་ནང་དུ་ཡོད་ལ་ད་ལྟ་མཁར་གྱི་ལྕགས་རི་ཞིག་རལ་དུ་སོང་ཡོད་མོད་མཐུག་ཚད་དང་མཐོ་ཚད་སོགས་མཛོ་མོ་མཁར་སོགས་ལས་ཆུང་བ་ཤེས་ཐུབ། མིན་ཧོ་རྫོང་མཱ་ཡང་གྲོང་རྡལ(马营镇)གྱི་མཱ་ཡང་སྡེ་བའི་ཁོངས་སུ་ཡོད་པ་དང་། རྒན་པོ་ཚོས་བཤད་པ་ལྟར་ན། སྔོན་ཆད་དགོན་པ་འདི་ཟི་ཨར་གྲོང(寺儿庄) སྟེ་ད་ལྟའི་ཀྲོང་ཅའོ་སྡེ་བར་ཡོད། དགོན་པ་འདི་རྗེ་ཙོང་ཁ་པའི་ཐུགས་སྲས་ཤཱཀྱ་ཡེ་ཤེས་བྱམས་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཕེབས་ལམ་བཏབ་པ་དང་། མིང་རྒྱལ་རབས་ཀྱི་དུས་སུ་དགོན་པ་འདི་ཧ་ཅང་དར་བས་མཁན་པོ་ལ་ཁྲན་ཤྲི(禅师)ཡི་ཐོབ་གནང་ཡོད་པ་དང་། ཆིང་ཡུང་ཀྲིན་གོང་མའི་དུས་སུ་ཁྲན་ཤྲི་ཡི་ཐོབ་མེད་པར་བྱས་པས་དགོན་པ་རིམ་བཞིན་ཉམས་པར་གྱུར། ཆིང་ཁང་ཞི་ཁྲི་ལོ་ཉི་ཤུ་བ་སྟེ་སྤྱི་ལོ1689ལོར་དགོན་པར་གྲྭ་བ44དང་ཏུའུ་ཀང(都纲)ཞེས་དཔོན་པོ་བཞག་ཡོད། གོང་མ་ཁངཞི་ཡི་དུས་མཇུག་ཏུ་གྲྭ་པ་ཇེ་ཉུང་དུ་སོང་ནས22མ་གཏོགས་མེད། ཆིང་ཐུང་ཀྲིའི་སྐབས་ཀྱི་ཧོས་འཁྲུག་ནང་དགོན་པ་འཇིག དེ་ནས་བཟུང་དགོན་པ་སླར་གསོ་དང་དར་རྒྱས་འབྱུང་མ་ཐུབ། དུས་རབས་སྔོན་མའི་ལོ་རབས20དང30ཡི་སྐབས་སུ། དགོན་པའི་གྲྭ་ཤག་མང་པོ་ཞིག་ཧཱུ་ཅ་བཱན་ཕའོ་རི་འདབས་སུ་ཡོད་ལ། དགོན་པའི་འགབ་ཏུ་གཞིས་སྒར་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་དགོན་པའི་སྤྲུལ་སྐུ་ཀྲའོ་བླ་མའི་བཞུགས་གནས་ཡིན། (མིང་གོའི་དུས་འགོར་ཧྲན་ཞིའི་ཚོང་པ་ཟིས་ཧྲིན་ཧཱུ་ཞེས་པར་བཙོང་བ་དང་། དེ་ནི་མཉམ་སྐྱོང་གོང་མའི་དུས་སྐབས་སུ་མཱ་ཡང་ས་ཆར་ཡོང་བའི་ཧོས་རིགས་ཚོང་པ་ཞིག་རེད) མཱ་ཡང་དགོན་པའི་སྤྲུལ་སྐུ་གཞན་པ་ཞིག་ལ་བླ་མ་ཆུང་བ་ཟེར་བ་དང་། ཀྲོན་དོ་ཡུལ་ཚོའི་ཧཱུའུ་ཚང་གི་མི་རེད། དུས་རབས་ཉི་ཤུ་བའི་ལོ་རབས50བར་དགོན་པར་ཁང་པ་གྱན་དུ་མ་དང་གྲྭ་བ6ཡོད། སྤྱི་ལོ1967ལོར་སྒོ་བརྒྱབ། སྤྱི་ལོ1983ལོར་ཆོས་སྒོ་ཕྱེ། འདུ་ཁང་དང་གྲྭ་ཤག་གྱན་བཅུ་གཉིས་བཞེངས་པ། ད་ལྟ་འདུ་ཁང་རྙིང་རལ་དུ་གྱུར་བས་ང་ཚོ་བརྟག་དཔྱོད་དུ་སོང་དུས(སྤྱི་ལོ2016ལོའི་ཕྱི་ཟླ4བའི་ཚེས3ལ)ཕ་ཡུལ་རྡོ་སྦིས་འོབ་དམར་ནས་ཡིན་པའི་མིང་ལ་ལེགས་བཤད་ཟེར་བའི་གྲྭ་པ་གཅིག་ཡོད། ཁོས་བཤད་པ་ལྟར་ན་ད་ལོ་འདུ་ཁང་དང་བཅས་པ་དགོན་པའི་ལྷ་སྡེ་ཡིས་བསྐྱར་བཞེངས་བྱེད་རྒྱུ་རེད་ཟེར། དགོན་པ་འདིའི་ལྷ་སྡེ་ནི་མཱ་ཡང་གྲོང་རྡལ་གྱི་མིན་ཀྱཱ་ཀོའུ(孟家沟) ཧྲིན་ཀྱཱ། (沈家) ཅ་རིན་ཕིན།(佳仁坪)སུང་ལོའུ་ཀྱཱ།(宋刘家) ཁྲིན་ཧན་ཀྱཱ།(陈韩家) དན་མཱ་ཀྱཱ།(断马家)ཀྲོན་དོ་ཡུལ་ཚོའི་ཀྲོན་དོ།(转导) ཧུའུ་ཀྱཱ།(胡家)ཧན་ཧྥང་ཕིན།(涵坊坪) ཀ་གོང་།(尕贡) ཁྲང་ཀོན།(长关). ཞོད་ཀྱཱ།(萧家) འཁྱིལ་ཁུག་ཡཱང་ཧྲན(曲什沟阳山)སོགས་སྡེ་བ་བཅུ་གསུམ་ཡིན་ཟེར། གྲྭ་པ་ལེགས་བཤད་ཀྱིས་བཤད་པ་ལྟར་ན་ཁོང་ལྷ་སྡེ་འདི་དག་ཏུ་གྲོང་ཆོག་ལ་འགྲོ་དགོས་པ་དང་གྲོང་ཆོག་ཏུ་གཙོ་བོ་སྨོན་ལམ་སྣ་ལྔ། མདོ་གདུགས་སྒྲོལ་གསུམ། སྨན་བླ་ཐུང་ངུ། ཆ་བཞི་འདོན་དགོས་ཟེར། ལྷ་སྡེ་ཡིས་དགོན་པ་ལ་བདག་སྐྱོང་བྱས་པ་བཟང་ཟེར།